[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།>ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ཐོན་སྐྱེད་བྱེད་དགོས་སམ།
  • གྲོང་ཁྱེར་དུ་ལས་ཀ་འཚོལ་མཁན་གྱིས་ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ཐོན་སྐྱེད་བྱེད་དགོས་སམ།

    ​ ངལ་རྩོལ་གྱི་འགོག་སྲུང་ཡོ་བྱད་ཡག་པོ་སྤྱོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-31

    ངལ་རྩོལ་གྱི་འགོག་སྲུང་ཡོ་བྱད་ཅེས་པ་ནི་ངལ་རྩོལ་མཁན་གྱིས་ཐོན་སྐྱེད་བྱེད་རིང་བདེ་འཇགས་དང་བདེ་ཐང་འགན་ལེན་བྱས་ནས་ལས་འཛོལ་གྱི་རྨས་སྐྱོན་ནམ་ཡང་ན་ལས་རིགས་རང་བཞིན་གྱི་གནོད་འཚེ་སྔོན་འགོག་བྱ་ཆེད་འདོགས་པ་དང་སྤྱོད་པའི་ཡོ་བྱད་སྣ་ཚོགས་ཀྱི་སྤྱི་མིང་ལ་ཟེར།

    རྒྱུན་དུ་སྤྱོད་པའི་ངལ་རྩོལ་གྱི་འགོག་སྲུང་ཡོ་བྱད་ནང་གཙོ་གནད་ཉེན་འགོག་ཞྭ་མོ་དང་།ཉེན་སྲུང་སྐེ་རགས།ཉེན་ཟོན་ཐག་པ།ཉེན་འགོག་དྲྭ་བ།འགོག་སྲུང་ལག་ཤུབས།འགོག་སྲུང་གྱོན་གོས།ཉེན་འགོག་ལྷམ་སོགས་ཚུད་ཡོད་པ་རེད།

    ●འགོག་སྲུང་ཡོ་བྱད་འདོགས་མཁན་གྱིས་སྔོན་དུ་འགོག་སྲུང་ཡོ་བྱད་མ་སྤྱོད་གོང་ཐོན་རྫས་བདེ་འཇགས་ངང་སྤྱོད་པའི་གསལ་བཤད་ཡི་གེ་ནན་ཏན་ངང་བཀླགས་ནས་སྤྱོད་ཁྱོན་དང་གོ་ཆོད་པའི་དུས་བཅད་སོགས་ཀྱི་ནང་དོན་དང་།རྒྱུས་ལོན་བེད་སྤྱོད།ཉམས་བཟོ་དང་སྲུང་སྐྱོང་བྱེད་ཐབས་བཅས་ངོས་འཛིན་མཐའ་གཅིག་ཏུ་བྱེད་པ་དང་།འགོག་སྲུང་ཡོ་བྱད་ལ་སྐྱོན་ཡོད་པའམ་ཡང་ན་སྤྱོད་གོ་ཆོད་པའི་དུས་བཅད་ལས་ཡོལ་བ་སོགས་ཀྱི་གནས་ཚུལ་ཤེས་འཕྲལ་ཉེན་ཁར་མི་བལྟོས་པ་སྤྱོད་རྒྱུ་མེད།

    ཉེན་འགོག་ཞྭ་མོ་ཡག་པོ་གྱོན་དགོས།ཞྭ་མོའི་ཨོག་སྒྲོག་དམ་པོར་བཅིངས་ནས་ཞྭ་མོ་འཁྱོགས་པ་དང་ཨོག་སྒྲོག་ལྷུག་ཏུ་ཕྱིན་རྐྱེན་རྨས་སྐྱོན་ཕོག་ནུས་སྔོན་འགོག་བྱེད་དགོས།

    ●ཉེན་སྲུང་སྐེ་རགས་དམ་པོ་བཅིངས་ནས་ལུང་ཐག་དེ་ལས་སྒྲུབ་མཁན་གྱི་ངོས་སྙོམས་གནས་ཡུལ་ལས་མི་དམའ་བའི་ཐོག་འདོགས་དགོས།

    ལྕགས་རིགས་གཏུབ་གཞོག་གམ་ཡང་ན་འཁོར་སྟེགས་སོགས་ལས་སྒྲུབ་བྱེད་སྐབས་ལག་ཤུགས་གྱོན་མི་ཆོག་གང་ལགས་ཞེ་ན་འཁོར་སྟེགས་ཐོག་འཕྲུལ་ཆས་འཁོར་སྐྱོད་བྱེད་སྐབས་འཁྲིལ་ནས་ལས་འཛོལ་མི་ཐོན་པ་བྱེད་པས་ཡིན།

    འགོག་སྲུང་གྱོན་ཆས་གྱོན་སྐབས་“དམ་པོ་གསུམ་”ཡོང་བ་བྱེད་དགོས་པ་སྟེ་ལས་ཀའི་གྱོན་ཆས་གྱོན་སྐབས་གོང་བ་དམ་པོ་དང་།ཕུ་ཐུང་དམ་པོ།སྒབ་གཤམ་དམ་པོ་བཅས་བྱས་ཏེ་ཕུ་ཐུང་དམ་པོ་མེད་པའམ་ཡང་ན་སྒབ་གཤམ་ལྷུག་ལྷུག་ཡིན་པའི་དབང་གིས་འཁྲིལ་འགྲོ་བ་སྔོན་འགོག་བྱེད་དགོས།

    དྲན་སྐུལ་བྱེད་པ།ཐོན་སྐྱེད་དང་ངལ་རྩོལ་གང་རུང་གི་ཁྲོད་ཉེན་ཁ་དང་གནོད་འཚེ་སྣ་ཚོགས་ལྡན་ཡོད་པས་ངལ་རྩོལ་གྱི་འགོག་སྲུང་ཡོ་བྱད་ཡང་དག་ངང་སྤྱོད་པ་དང་འདོགས་རྒྱུ་ནི་ངལ་རྩོལ་མཁན་གྱི་བདེ་འཇགས་འགན་ལེན་བྱེད་པའི་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།