[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩ་ཚན་པས་དབུལ་ཕོངས་དུད་ཚང་ལ་ཡིད་རྟོན་དངུལ་བུན་གཏོང་ཤུཌ་ཆེ་རུ་གཏོང་བས་ཕན་འབྲས་བཟང་པོ་ཐོན་ཡོད།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-27

    ད་ལོའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩ་ཚན་པས་གྲོང་ཁྱེར་དེ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀའི་དོན་དངོས་དང་དམ་པོར་བསྟུན་ནས།  དབུལ་སྐྱོར་གྱི་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་སྲིད་གཞུང་གི་ཉེན་ཁ་གསབ་པའི་ཐེབས་རྩ་དང་དངུལ་ཁང་གི་ཡིད་རྟོན་དངུལ་བུན་ཟུང་འབྲེལ་གྱི་ལས་སྟེགས་ལ་བརྟེན་ནས་ཡིད་རྟོན་དངུལ་བུན་སྤྲོད་པ་དང་།  ཐོན་ལས་དབུལ་སྐྱོར་གྱི་དངུལ་རྩའི་ཞབས་ཞུའི་སྦྲེལ་མཐུད་ལས་དོན་དོན་འཁྱོལ་ཡག་པོ་བྱེད་པ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ཕན་འབྲས་བཟང་པོ་ཐོན་པ་རེད།

    སྤྱི་ཟླ ༦ པའི་ཟླ་མཇུག་བར།  གཞིས་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཁག་གི་དངུལ་རྩ་ཚན་པས་དབུལ་སྐྱོར་གནད་འཕིགས་ཀྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར ༤༡.༧ ཟིན་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༡༩༠༠༠ ལ་དངུལ་བུན་སྒོར་དུང་ཕྱུར ༧.༧ བཏང་བ་དང་།  ཐོན་ལས་དབུལ་སྐྱོར་གནད་འཕིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར ༤.༣ བཏང་བ་དེ་ལོ་འགོ་ལས་བརྒྱ་ཆ ༡༠༤ འཕར་བ།  རྣམ་གྲངས་ཀྱི་དབུལ་སྐྱོར་གནད་འཕིགས་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར ༢༨ ཟིན་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།