[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • བོད་ཀྱིས་ཞིང་འབྲོག་ཐོན་འཕར་ལ་བྱ་དགའ་སྤྲད་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ​ མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-08

    སྒོར་ཁྲི་11360ནི་2018ལོར་བོད་ཀྱིས་ནས་ཐོན་འཕར་དང་འབྲི་གཡག་ཐོན་ལས་འཕེལ་རྒྱས། ཤ་དང་འོ་མ་ཐོན་འཕར། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་ལ་བྱ་དགའ་སྤྲད་ནས་རོགས་སྐྱོར་བྱེད་པའི་མ་དངུལ་གྱི་བསྡོམས་འབོར་དེ་རེད། གསར་འགོད་པས་ཉིན་ཤས་གོང་འཚོགས་པའི་བོད་རང་སྐྱོང་ལྗོངས་ཞིང་ལས་ལས་དོན་ཚོགས་འདུ་དང་ཞིང་འབྲོག་ལས་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན། བོད་ཀྱི་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་ཐོག་ཡར་བརྩོན་བྱུང་སྟེ་འབྲུ་རིགས་དང་སྔོ་ཚལ། ཤ་དང་འོ་མ་བཅས་ཀྱི་ཐོན་ཚད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་103.2ཟིན་ཏེ་ལོ་གསུམ་བསྟུད་མར་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་བོད་ཀྱིས་ཞིང་འབྲོག་ལས་ལ་མ་དངུལ་སྒོར་དུང་ཕྱུར་59.72བཏང་བ་ལས། ཞིང་སྐྱོར་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་45.42དང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་14.3བཏང་བར་བརྟེན། ནས་དང་། གཟན་རྩྭ། འབྲི་གཡག དཀར་ཆུ། བོད་ཕག བོད་ལུག་བཅས་ཐོན་ལས་ཆེན་པོ་དྲུག་ལ་གོ་རིམ་ལྡན་པའི་ངང་ནས་སྐུལ་མ་ཐེབས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་103.2ཟིན་ཡོད།

    ལོ་ལྔའི་རིང་བོད་ཀྱིས་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་བཟང་སྒྲིག་བྱས་ཏེ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཐོན་ལས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་1720ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་172.67བཏང་བ་དང་། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་13.8དབུལ་སྒྲོལ་ཐུབ་ཡོད། མཐའ་མཚམས་ས་ཁུལ་དུ་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་སྤེལ་བ་དང་། མིག་སྔར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་628ལ་ལག་བསྟར་ཇུས་གཞི་བཟོ་བའི་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད།

    བོད་ཀྱིས་ནས་དང་། ཤ། འོ་མ་བཅས་ཀྱི་ཐོན་འཕར་དང་འབྲི་གཡག་སྡོམ་གསོ་སོགས་ཀྱི་ཆེད་དོན་རོགས་སྐྱོར་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ་ཐོན་འབོར་དང་མུའུ་རེའི་ཐོན་ཚད། ཕྱུགས་རིགས་བཤས་གཏོང་ཚད། འབྲོག་ཟོག་ཐོན་ཚད་སོགས་ཀྱི་དམིགས་ཚད་ལ་གཞིགས་ནས་ཐོན་འཕར་བྱུང་བའི་སྔོན་ཐོན་ཀྱི་རྫོང་དང་ས་ཁུལ། གྲོང་ཁྱེར་བཅས་ལ་བྱ་དགའ་སྤྲད་ཡོད། འདི་ལོ་བོད་ཀྱིས་གཉེར་སྐྱོང་གི་གནས་ཚུལ་བཟང་བ་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པ། དབུལ་སྒྲོལ་འགག་སྒྲོལ་ལ་འཕེལ་རྒྱས་ལེགས་པ་བཅས་ཀྱི་སྔོན་ཐོན་ཞིང་འབྲོག་པའི་མཉམ་ལས་ཁང་ལ་བྱ་དགའ་ཐོག་མ་དེ་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།