[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”ཀྱི་ལམ་བཤངས་བ།

    སྣ་དཀར་རྩེ་རྫོང་དུ“ཕྱག་ན་དངུལ་ཁང་གྲོང་ཚོ”དགུ་སྒོ་བྱང་བཀལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཉིན་ཤས་གོང་། གསར་འགོད་པས་ཀྲུང་གོ་ཞིང་ལས་དངུལ་ཁང་སྣ་དཀར་རྩེ་རྫོང་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་31ཉིན་བར་ཞིང་ལས་དངུལ་ཁང་སྣ་དཀར་རྩེ་རྫོང་ཉིང་ལག་དངུལ་ཁང་དྲ་ཚིགས་ཁག་ནས་བདམས་པའི“ཕྱག་ན་དངུལ་ཁང་གྲོང་ཚོ”དགུ་ཚང་མ་སྒོ་བྱང་བཀལ་བ་རེད། འདི་ནི་ཞིང་ཕན་ཀུན་ཁྱབ་ཞབས་ཞུའི་ཀུན་ཁྱབ་དང་ཁོངས་གཏོགས་ཚང་མའི་དྲ་ཚིགས་དྲ་ཐོག་ཅན་དུ་མངོན་འགྱུར་བྱུང་ཚུན། ཞིང་ལས་དངུལ་ཁང་གིས་བཏོན་པའི་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”ཀྱི་ལམ་བཤངས་བྱེད་ཐབས་ནུས་ལྡན་གཞན་ཞིག་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། “ཕྱག་ན་དངུལ་ཁང་གྲོང་ཚོ”སྒོ་བྱང་བཀལ་བ་དེས་ཞིང་འབྲོག་ཁུལ་གྱི་དངུལ་སྨར་མིན་པའི་གཏོང་སྤྲོད་ཡོ་བྱད་སྤྱོད་ཤུགས་ཆེ་རུ་དང་སྒུལ་བདེའི་དངུལ་རྩས་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་ཐུབ་པ་བྱུང་བ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཉིན་རེ་བཞིན་སྣ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པའང་བྱུང་ཡོད། 

    ཞིང་ལས་དངུལ་ཁང་སྣ་དཀར་རྩེ་རྫོང་ཉིང་ལག་དངུལ་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་དངུལ་ཁང་དེས་མུ་མཐུད་ཕྱག་ན་དངུལ་ཁང་གི་ལས་སྟེགས་ལ་བརྟེན་ནས་ཞིང་ཕན་གྱི་Eདངུལ་བུན་དང་། ཞིང་ཕན་Eཚོང་ལས། ཞིང་ཕན་Eདངུལ་སྤྲོད་སོགས་ཐོན་རྫས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཚོས་དྲ་ཐོག་ནས་དངུལ་བུན་གཡར་བ་དང་། དྲ་ཐོག་ནས་དངོས་པོ་ཉོ་བ། དྲ་ཐོག་ནས་དངུལ་བུན་སྤྲོད་པ་བཅས་བྱས་ཏེ་རྫོང་ཁོངས་ཀྱི་དངུལ་རྩའི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།