[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • རྒན་རྒོན་ཚོ། ལྷ་སར་རིན་མེད་རིམས་འགོག་སྨན་ཁབ་རྒྱག་གི་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-07

    གཅིག མི་གང་དག་ལ་སྨན་ཁབ་རྒྱག་ཆོག་གམ། 

    ཟླ་10ཚེས་29ཉིན་ནས་ཟླ་11ཚེས་30ཉིན་བར། ཐེམ་ཁུངས་ཁྲེང་ཀོན་ཆུས་ནས་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡོད་པའམ་ཡང་ན་ཁྲེང་ཀོན་ཆུས་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོའི་ཁྲོད་ལོ་60ཡན་ལ་སླེབས་པའི(1958ལོའི་ཟླ་12ཚེས་31ཉིན་གྱི་གོང་སྐྱེས་པ)རྒན་རྒོན་སྨན་ཁབ་རྒྱག་ཆོག

    གཉིས། ས་ཁུལ་གང་དུ་སྨན་ཁབ་རྒྱག་པར་འགྲོ་དགོས་སམ། 

    ད་ལོ་ཆམ་རིགས་འགོག་པའི་སྨན་ཁབ་རྒྱག་ས་མང་པོ་བཀོད་སྒྲིག་བྱས་ཡོད་དེ། ཁྲེང་ཀོན་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། སྐྱིད་རས་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཀུན་བདེ་གླིང་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། དོག་སྡེ་ཤང་འཕྲོད་བསྟེན་ཁང་། ཚལ་གུང་ཐང་ཤང་འཕྲོད་བསྟེན་ཁང་། ཉང་བྲན་ཤང་འཕྲོད་བསྟེན་ཁང་། རྔ་ཆེན་ཤང་འཕྲོད་བསྟེན་ཁང་། ཚལ་གུང་ཐང་ཤང་དྲིན་ཚོར་གླིང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས། དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གཙང་རལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཀརྨ་དགོན་གསར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། རྗེ་འབུམ་སྒང་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ལྕགས་རོང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་བཅས་སུ་ཡིན་པ་དང་། དེའི་རིང་ཆ་རྐྱེན་འཚམ་པའི་གྲོང་མིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཐེམ་ཐོ་སོགས་གོ་ཆོད་ཀྱི་ལག་ཁྱེར་འཁྱེར་ཏེ་ཐག་ཉེ་སར་རིམས་འགོག་སྨན་ཁབ་རྒྱག་ཆོག

    ཤ་ཚའི་དྲན་སྐུལ། 

    དགུན་ཁ་ཤར་ལ་ཉེ་བས། གནམ་གཤིས་སྐམ་ཤས་ཆེ་བར་བརྟེན་ཆམ་ནད་ཕོག་མཁན་མང་པོ་ཡོད། ཆམ་རིམས་སྔོན་འགོག་བྱ་ཆེད་ཚང་མས་དོ་སྣང་བྱེད་དགོས་པ་གཤམ་གསལ་ཏེ། 

    གཅིག ཆམ་ནད་མ་ཕོག་གོང་གི་གཟའ་འཁོར་གཅིག་ནས་གཉིས་ཀྱི་དུས་ཚོད་ནང་ཆམ་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་དགོས། 

    གཉིས། ཉིན་ལྟར་ཆུ་ཚོད་གཅིག་ནས་གཉིས་བར་སྒེའུ་ཁུང་ཕྱེ་ན་ཁང་པའི་ནང་མཁའ་རླུང་སོས་པ་བརྗེ་ཐུབ། 

    གསུམ། ཆུའི་ནང་ཚུའུ(醋)བླུགས་ནས་བསྐོལ་ཏེ་རླངས་པ་ཁང་པའི་ནང་ཁྱབ་པ་བྱེད་དགོས། དེས་འབུ་ཕྲ་སེལ་ཐུབ། 

    བཞི། རྒྱུན་དུ་ཙོང་དང་སྒོག་པ་མང་ཙམ་ཟ་དགོས། དེ་གཉིས་པོས་འབུ་ཕྲ་སེལ་རྒྱུར་ཕན་ཐོགས་ཡོད་པས་ཆམ་རིམས་སྔོན་འགོག་ཐུབ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།