[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • བོད་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་100འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-24

    གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། 2019ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའི་འོས་སྦྱོར་ལས་དོན་སྤེལ་འགོ་ཚུགས་པ་དང་། ལས་ཁུངས་ཀྱིས་འོས་སྦྱོར་དང་རིགས་གཅིག་མཁས་ཅན་གྱིས་འོས་སྦྱོར་གྱི་ཐབས་ཤེས་གཉིས་ལ་བརྟེན་ནས། འདི་ལོའི་ཟླ་5ཚེས་31ཉིན་གོང་། འོས་སྦྱོར་དཔྱད་གཞི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གྲུབ་འབྲས་དོ་དམ་ཁྲུའུ་ལ་སྐྱེལ་དགོས་ཀྱི་འདུག 

    ལོ་འཁོར་འདིར་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ལ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་སོགས་ཕྱེ་ཡོད་ཅིང་། 2018ལོའི་ཚད་གཞིར་གཞིགས་ནས། རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་རིམ་པ་དང་པོར་སྒོར་ཁྲི་30དང་། གཉིས་པར་སྒོར་ཁྲི་15 གསུམ་པར་སྒོར་ཁྲི་8བཅས་སྤྲོད་རྒྱུ་མ་ཟད། ཚན་རིག་ལག་རྩལ་ཐད་ཕུལ་བྱུང་གི་ལེགས་སྐྱེས་བྱ་དགའ་ཐོབ་མཁན་ལ་མང་ཤོས་སྒོར་ཁྲི་100སྤྲོད་ཀྱི་འདུག 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།