[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • ཟླ་6པ་ནས་བཟུང་བོད་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རྒན་གསོའི་དངུལ་སྤྲོད་པའི་ཚོད་ལྟ་བྱེད་མཁན་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས“བོད་ཀྱི་སྤྱི་ཚོགས་འགན་སྲུང་གཱའི”སྐད་འཕྲིན་སྤྱི་སྟེགས་སུ་གནས་ཚུལ་སྤེལ་བའི་ནང་། མི་སྤྱི་ཐིང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཟླ་6པ་ནས་བཟུང་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རྒན་གསོའི་དངུལ་སྤྲོད་པའི་ཚོད་ལྟ་བྱེད་རྒྱུ་དང་དུས་མཚུངས། 2019ལོའི་ལོ་མཇུག་ཏུ་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་ལྗོངས་ཡོངས་ཀྱི་རྒན་ཡོལ་ཞུ་མཁན་གྱི་རྒན་གསོའི་དངུལ་སྤྲོད་ཀྱི་ཡིན་ཞེས་འཁོད་ཡོད་པ་རེད།

    སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ཆོག་པ་བཟོས་པའི་མི་ཞིག་གིས་གལ་ཏེ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ཆོག་པ་བཟོ་སྐབས《སྤྱི་ཚོགས་འགན་སྲུང་དངུལ་རྩའི་གཱ་སྤྱད་ཆོག་པ་སྤྱི་ཚོགས་འགན་བཅོལ་དངུལ་ལེན་པའི་ཞབས་ཞུའི་ལས་སྒོ་གཉེར་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་གསལ་བཤད》ལ་མིང་རྟགས་བཀོད་ཚེ་ཟླ་6པ་ནས་བཟུང་སྤྱི་ཚོགས་འགན་སྲུང་གཱ་ནས་རྒན་གསོའི་དངུལ་སྤྲོད་པ་དང་། གལ་ཏེ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ཆོག་པ་བཟོ་སྐབས་གོང་གསལ་གྱི་གསལ་བཤད་ལ་མིང་རྟགས་མ་བཀོད་པའི་རིགས་གཱ་སྤྲོད་མཁན་དངུལ་ཁང་གི་གྲོས་མཐུན་ལ་མིང་རྟགས་འགོད་པར་བསྐྱོད་རྗེས་ཀྱི་ཟླ་རྗེས་མ་ནས་བཟུང་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རྒན་གསོའི་དངུལ་སྤྲོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།