[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • རྣམ་རྒྱལ་གྱིས་ལག་ཏུ་པིར་སྨྱུག་ཐོགས། ལས་གཏོད་ལམ་བུར་བཞུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    637713_yis_1561956218532.jpg

    ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་འཚོ་ཐབས་རྩལ་ནུས་ཆེ་རུ་བཏང་ནས་འཚོ་བ་ལེགས་སུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་མི་སྤྱི་ཅུས་ཀྱིས་ཨར་ལས་གསོ་སྦྱོང་འཛིན་གྲྭ་ཞིག་གཉེར་ཞིང་། འདི་ནི་གསོ་སྦྱོང་བྱ་ཡུལ་ཡིན་པ།

    གླེང་གཞི།

    ལས་གཏོད་ཀྱི་ཕུགས་བསམ་ཆེན་པོ་དང་ལས་གཏོད་སྲིད་བཟང་གི་ཤར་རླུང་ལ་བརྟེན་ནས། རྣམ་རྒྱལ་དང་ཉི་མ་བསྟན་འཛིན་གྱིས་ལས་གཏོད་ཀྱི་སེམས་ཤུགས་བརྟན་དུ་བཏང་ནས་དཀའ་སྡུག་ལ་མི་སྐྲག་པར་འབད་འཐབ་ཆེན་པོས་རང་ཉིད་ལ་འཚམ་པའི་ལས་གཏོད་ཀྱི་ལམ་བུ་ཞིག་བཏོད་པ་རེད།

    རྣམ་རྒྱལ་ནི་ལས་དོན་སྒྲུབ་སྐབས་འཚབ་འཚུབ་ཆེ་རུང་བློ་བག་ཡངས་པའི་དར་མ་ཞིག་རེད། ཁོང་ནི་བོད་ལྗོངས་ལྷོ་རོང་རྫོང་འཇའ་ཚོན་མི་རིགས་རིག་གནས་བཟོ་ལས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་འཛུགས་མཁན་དང་། ལྷོ་རོང་རྫོང་གི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ཁང་གསར་གྲོང་རྡལ་གྱི་བོད་ཚོན་དང་ཤིང་ཚོན་ལག་རྩལ་གྱི་རྒྱུན་འཛིན་པ་རེད། ཁོང་གིས་པིར་སྨྱུག་ལ་བརྟེན་ནས་མི་བརྒྱ་ཙམ་ཕྱུག་འགྱུར་ལམ་བུར་བསྐྱོད་པར་སྣེ་ཁྲིད་བྱས།

    ཆུང་དུས་ནས་ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་དབྱེ་སྟོད་གྲོང་ཚོར་འཚར་ལོངས་བྱུང་བའི་རྣམ་རྒྱལ་ལ་ཁྱིམ་ཚང་གི་བག་ཆགས་ལས་ལོ་12ནས་བཟུང་བོད་ཚོན་གཏོང་བའི་ལག་རྩལ་ངེས་ཅན་ཞིག་ཁོང་དུ་ཆུད། 1996ལོར་རྣམ་རྒྱལ་ཆབ་མདོ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི(ད་ཆའི་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང)མཛེས་རྩལ་འཛིན་གྲྭ་ནས་ཐོན་རྗེས་ཆབ་མདོ་དང་མཐའ་འཁོར་ས་ཁུལ་དུ་རི་མོ་འབྲི་བའི་ལས་ལ་འབད། ལོ་བཅུ་ལྷག་ཙམ་འབད་བརྩོན་བྱས་པ་ལས་ཁོང་ལ་ཉམས་མྱོང་མི་ཉུང་བ་ཞིག་ཐོབ་ལ། མིང་གྲགས་ཀྱང་ཇེ་ཆེར་ཕྱིན་པས། ལས་གཏོད་ཀྱི་འདུན་པ་དྲག་ཏུ་འཕེལ།

    ལས་གཏོད་ལམ་བུའི་ཐོག རྣམ་རྒྱལ་གྱིས་སྤྱི་ཚོགས་ཀྱི་དྲིན་འཇལ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་བསམ་པ་འཆང་བཞིན་དུ། 2010ལོར་ཁོང་གིས་རྫོང་དེའི་སློབ་འབྲིང་གི་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མར་སློབ་ཡོན་མི་དགོས་པར་རི་མོ་འབྲི་སྟངས་གསོ་སྦྱོང་བྱས། ཁོང་ཚོ་སློབ་གྲྭ་ཐོན་རྗེས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ནས་ལྷོ་རོང་རྫོང་གི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཞུགས།

    2011ལོར། རྣམ་རྒྱལ་གྱིས་ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་གྱི་ཞིང་འབྲོག་པའི་ཆེད་ལས་བོད་ཚོན་མཉམ་ལས་ཁང་བཙུགས། སྲིད་གཞུང་གིས་རོགས་རམ་དང་མཛུབ་ཁྲིད་གང་མང་བྱས་པ་དང་། ཁོང་རང་ངོས་ཀྱིས་འབད་བརྩོན་ལྷུར་ལེན་བྱས་པར་བརྟེན། བོད་ཚོན་མཉམ་ལས་ཁང་རིམ་བཞིན་སྐད་གྲགས་ཆོད་པ་དང་། ཕྱིས་སུ་སི་ཁྲོན་དང་། མཚོ་སྔོན། ནག་ཆུ་སོགས་ནས་བོད་ཚོན་རྣམ་གྲངས་རྩིས་བླངས་ཏེ་རིམ་བཞིན་རྒྱུན་ལྡན་གྱི་ལས་གཏོད་ལམ་བུའི་ཐོག་བསྐྱོད་པ་རེད།

    2015ལོར། ལྷོ་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག རྣམ་རྒྱལ་གྱིས་ལྷོ་རོང་རྫོང་འཇའ་ཚོན་མི་རིགས་རིག་གནས་བཟོ་ལས་ཚོང་དོན་ཀུང་སི་བཙུགས། ལོ་མང་རིང་འབད་འཐབ་བྱས་མཐར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སྟེ། རང་ཉིད་ཀྱི་ཀུང་སི་ཆུང་ཆུང་དེ་བོད་ཚོན་བྱ་གཞག་ཁྲོད་ཀྱི་གཞི་ཁྱོན་ཅན་གྱི་རིག་གནས་བསམ་བཀོད་ཐོན་ལས་ཤིག་ཏུ་གྱུར་པ་རེད།

    མིག་སྔར། ལྷོ་རོང་རྫོང་འཇའ་ཚོན་མི་རིགས་རིག་གནས་བཟོ་ལས་ཚོང་དོན་ཀུང་སིར་ལས་བཟོ་130ལྷག་ཙམ་ཡོད་པ་དེ་དག་གིས་རི་མོ་དང་། རྫ་ཆས། བོད་གྲི་སོགས་ཐོན་སྐྱེད་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་གྲངས་གཙོ་བོར་གཉེར་གྱི་ཡོད། གླེང་རིན་ཡོད་པ་ཞིག་ལ། རྣམ་རྒྱལ་གྱིས་རྫོང་དེ་ཡོངས་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་དུད་ཚང་དབུལ་པོ་83གྱི་སྣེ་ཁྲིད་དེ་ལས་གྲྭ་དང་བོད་ཚོན་གྱི་ལས་ཀ་མང་པོ་འགན་གཙང་བླངས་ཏེ། དུད་ཚང་དབུལ་པོ་དེ་དག་གི་ཟླ་རེའི་ཡོང་འབབ་སྒོར་4000ཡས་མས་ཟིན་པར་བྱས་པ་རེད།

    2018ལོར། ལྷོ་རོང་རྫོང་འཇའ་ཚོན་མི་རིགས་རིག་གནས་ཀུང་སི་དེ་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་ཞིག་ཏུ་གྱུར་པ་དང་། ད་ཆ་རྣམ་རྒྱལ་གྱི་ཀུང་སི་དེ་གཉེར་སྐྱོང་ཡག་པོ་ཐུབ་ནས་མི་ཐེངས་488སྔ་རྗེས་སུ་ལས་ཞུགས་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།