[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • ཆབ་མདོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས།

    “ནག་སེལ་གཤེད་བཅོམ”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-21

    ཉེ་ཆར། ལྷོ་རོང་རྫོང་དུ་བཅའ་སྡོད་ཆབ་མདོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་བ་རེད།

    དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང། ཆབ་མདོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་གྲོང་ཚོ་“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་མང་ཚོགས་ལ“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་ཀྱི་ནང་དོན་གཙོ་བོ་འགྲེལ་བཤད་བརྒྱབ་སྟེ། རྒྱལ་ཡོངས་ཀྱི“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་ཀྱི་རིགས་12ཀྱི་གཙོ་གནད་རྡུང་རྡེག་གཏང་ཡུལ་དང་། རང་སྐྱོང་ལྗོངས་ཀྱི“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་འཐབ་རྩོད་ཀྱི་རིགས་21གི་གཙོ་གནད་རྡུང་རྡེག་གཏང་ཡུལ། ཆབ་མདོ་གྲོང་ཁྱེར་གྱི“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་འཐབ་རྩོད་ཀྱི་རིགས་28ཀྱི་གཙོ་གནད་རྡུང་རྡེག་གཏང་ཡུལ་བཅས་གཙོ་གནད་དུ་སྒྲོག་འགྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཆེད་དོན་འཐབ་རྩོད་ཀྱིས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་དང་། གཞི་རིམ་གྱི་སྲིད་དབང་སྲ་བརྟན། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བར་དོན་སྙིང་ཟབ་མོ་ལྡན་པ་གསལ་པོར་བརྗོད་པ་དང་། མང་ཚོགས་ཚོས“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་ལ་ཧུར་ཐག་ཞུགས་པ་དང་རིགས་ཁག་གི་ནག་ཚོགས་དང་འབྲེལ་བ་ཡོད་པ་དང་གཤེད་བཅོམ་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་མཁོ་འདོན་ཧུར་ཐག་བྱེད་པར་སྐུལ་ལྕག་བཏང་ནས་ནག་གཤེད་ཕྱོགས་གཏོགས་དང་དེའི“རྒྱབ་རྩ”སྣ་ཚོགས་ལ་མཉམ་དུ་རྡུང་རྡེག་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།