[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • ཤན་རྩ་རྫོང་ཕག་འགྲོ་འོག་མ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བུད་མེད་ལ“དྲོ་སྐྱིད་ལྡན་པའི་ཁྱིམ་ཚང”བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    ཤན་རྩ་རྫོང་བ་ཚྭ་ཤང་ཕག་འགྲོ་འོག་མ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གིས་མངགས་པ)གིས་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུར་ཁྲིད་སྟོན་བྱས་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་དེ་ཉིད་གྲོང་ཚོའི་བུད་མེད་ཡོངས་ཀྱིས་ཡིད་ཆེས་བྱེད་ས་དང་བློ་གཏད་བཅོལ་སའི“དྲོ་སྐྱིད་ལྡན་པའི་ཁྱིམ་ཚང”ཞིག་ཏུ་བསྐྲུན་པ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་འགན་གཙང་ལེན་མཁན་གྱི་ལས་བྱེད་པ་དང་མཉམ་དུ། འབྲོག་པ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་གནད་དོན་དང་ཟུང་འབྲེལ་བྱས་ཏེ། བུད་མེད་ཚོར་ཚན་རིག་དང་མཐུན་ལ་ཡ་རབས་དང་བདེ་ཐང་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་རང་རྟོགས་ངང་ཆགས་པར་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་པ་མ་ཟད། གྲོང་ཚོའི་བུད་མེད་ཨུ་ཡོན་9ལ་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས། གྲོང་ཚོའི་བུད་མེད་ཡོངས་ཀྱི་མིག་དཔེ་བཟང་པོ་ཞིག་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

    གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོས་ཚོཌ་ཆུང་ཁག་བགོས་ཀྱིས་དུད་ཚང་དུ་བསྐྱོད་དེ། གྲོང་ཚོའི་བུད་མེད་སྒྲིག་འཛུགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སློབ་སྦྱོང་བྱས་པ་དང་། དུས་ཐེངས་གོང་མའི“མཚན་མོའི་སློབ་གྲྭའི”སྦྱངས་འབྲས་ལ་ཞིབ་དཔྱད་དང་སྲ་བརྟན་དུ་བཏང་ཞིང་། གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ཤེས་ཚད་མཐོ་རུ་བཏང་བ་མ་ཟད། གྲོང་ཚོའི་བུད་མེད་ཚོར་སྒུག་རྟེན་སློང་གསུམ་གྱི་བསམ་བློ་དོར་ཏེ། རང་གཉིས་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་དང་། འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱས་ནས། ལས་ལ་བརྩོན་ཞིང་རང་སྟོབས་རང་སྤེལ་གྱི་དཔེ་མཚོན་ཞིག་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་ཀྱང་བཏང་བ་རེད།

    གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཚོའི་བུད་མེད་འཐུས་མི་རྣམས་སྒྲིག་འཛུགས་བྱས་ཏེ། “གོམས་སྲོལ་སྒྱུར་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། 《བུད་མེད་ཀྱི་ཁེ་དབང་འགན་ལེན་གྱི་བཅའ་ཁྲིམས》དང་། 《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《གཉེན་སྒྲིག་གི་བཅའ་ཁྲིམས》སོགས་ལ་དམིགས་ཏེ། བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། རྒྱ་ཆེའི་བུད་མེད་ཚོར་སྔོན་འགོག་བདེ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། བདེ་ཐང་དང་གཙང་སྦྲ་དོད་པའི་ཁྱིམ་ཚང་འཚོ་བའི་འདུ་ཤེས་གསར་པ་འཛུགས་དགོས་པ། ཡ་རབས་དང་ཞི་མཐུན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དར་སྲོལ་གསར་པ་དར་སྤེལ་གཏོང་དགོས་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།