[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • ཉིང་ཁྲིའི་ཁྲོན་བོད་གཞུང་ལམ་འགྲམ་གྱི་འབྲི་ཏ་ས་འཛིན་ཐོན་ལས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-16

    622504_yis_1557900917810_s.jpg

    ཉིང་ཁྲི་གྲོང་ཁུལ་སྒྲོལ་ཏེ་ཁྲོན་བོད་གཞུང་ལམ་གྱི་ནུབ་རྒྱུད་ནས་སྤྱི་ལེ་30ལྷག་བསྐྱོད་ཚེ། དགུང་ཚང་མོན་པ་མི་རིགས་ཤང་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་རྟེན་གཞིར་འབྱོར་གྱི་ཡོད།

    2007ལོ་ནས་བཟུང་། བཅུ་འཕར་གྲོང་ཚོས་ཁྲོན་བོད་གཞུང་ལམ་ལ་བརྟེན་ནས་འབྲི་ཏ་ས་འཛིན་གྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བ་དང་སྦྲགས། དྲོད་ཁང་ཆེ་མོ་རིམ་གྱིས་བསྐྲུན་ཏེ་འབྲི་ཏ་ས་འཛིན་འདེབས་འཛུགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད།

    ད་ཆ་གྲོང་ཚོའི་དུད་ཚང་28ཀྱིས་དུད་ཚང་རེར་དྲོད་ཁང་གཉིས་ཀྱི་ཚད་གཞི་གཞིར་བཟུང་ལྕགས་སྒྲོམ་དྲོད་ཁང་གཅིག་གྱུར་ཐོག་བསྐྲུན་ནས་ཁྱོན་ས་ཆ་མུའུ་50ལྷག་ཙམ་བཟུང་ཡོད། ན་ནིང་ཆ་སྙོམས་དྲོད་ཁང་རེ་ནས་འབྲི་ཏ་ས་འཛིན་ཐོན་ཚད་རྒྱ་མ་800ཟིན་ཏེ་གྲོང་ཚོ་དེར་ལོ་ཧྲིལ་པོར་འབྲི་ཏ་ས་འཛིན་བཏབ་པའི་ཡོང་འབབ་ཁྱོན་སྒོར་ཁྲི་185ཟིན་གྱི་ཡོད། བྲོ་བ་ཆེ་བའི་འབྲི་ཏ་ས་འཛིན་དེ་དག་ཁྲོན་བོད་གཞུང་ལམ་བརྒྱུད་དུས་ཡུན་ཐུང་ཐུང་ནང་གངས་ལྗོངས་ས་མཐོའི་མི་སེར་གྱི་ཁྱིམ་དུ་འབྱོར་གྱི་ཡོད། འདི་ནི་བཅུ་འཕར་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས་དྲོད་ཁང་ནས་བཏུས་མ་ཐག་པའི་འབྲི་ཏ་ས་འཛིན་སྟོན་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།