[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷ་རྩེ་རྫོང་གིས“མངགས་ཐོའི་རྣམ་པ”ལ་བརྟེན་ནས་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-22

    ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོའི་ལས་གཏོད་ཕྱུག་འགྱུར་རྩལ་ནུས་སྔར་བས་ཆེ་རུ་དང་ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཉེ་དུས། ལྷ་རྩེ་རྫོང་མི་སྤྱི་ཅུས་ཀྱིས་རྫོང་གྲོང་གི་ཡུལ་གཞན་དུ་གནས་སྤོས་ཁུལ་གཉིས་པའི་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོར“མངགས་ཐོའི་རྣམ་པའི”རྩལ་ནུས་གསོ་སྦྱོང་གི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། གསོ་སྦྱོང་ལ་ཞུགས་མཁན་སློབ་མ་85སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།

    ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་ནས་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོའི་མང་ཚོགས་ལ་ལག་རྩལ་སྣ་ཁ་རེ་བསླབས་ཏེ་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོ་དེ་བས་མང་བ་སྒོ་རྩ་ནས་ལས་ཞུགས་དང་ལས་གཏོད་ཐུབ་པ་དང་གླ་ཕོགས་མང་དུ་གཏོང་ཆེད། ལྷ་རྩེ་རྫོང་མི་སྤྱི་ཅུས་ཀྱིས་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོའི་ལས་ཞུགས་བྱེད་འདོད་ཡོད་པ་རྣམས་ཤེས་རྟོགས་བྱས་ནས་རང་འགུལ་ངང་གསོ་སྦྱོང་སྒྲིག་གཞི་དང་འབྲེལ་མཐུད་ཀྱིས། མི་སྤྱོད་ཚན་པའི་དགོས་མཁོ་ཤེས་པར་བྱས་ཏེམཐུན་སྦྱོར་འབྲེལ་མཐུད་ཐེངས་མང་བྱས་པ་བརྒྱུད། མཉམ་ལས་ཀྱི་གྲོས་མཐུན་གྲུབ་པ་དང་སྦྲགས་ད་རེས་ཀྱི“མངགས་ཐོའི་རྣམ་པའི”གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག རྫོང་དེའི་མི་སྤྱི་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭའི་རྨང་གཞིའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་སྦྲགས། རྒྱལ་ཁབ་ཀྱིས་དུད་ཚང་དབུལ་པོར་བཏོན་པའི་འབྲེལ་ཡོད་སྲིད་ཇུས་ཀྱང་གསལ་འགྲེལ་བྱས་པ་རེད། ད་རེས་ཀྱི་གསོ་སྦྱོང་ལ་ཁྱོན་ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོའི་མི་གྲངས་85(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་65)ཞུགས་ཡོད་པ་དང་གསོ་སྦྱོང་གི་ནང་དོན་ལ་སྣམ་བུ་དང་། བསླས་འཐག་ལག་རྩལ། ཡུལ་སྐོར་དྲན་རྟེན་དངོས་པོ། རུམ། འཚེམ་བཟོ། ཤིང་བཟོ་སོགས་ལག་རྩལ་ཚུད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།