[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ས་དགའ་རྫོང་གིས་གྲོང་ཚོ་ཡོངས་ལ་ཁྱབ་པའི་རླུང་འཕྲིན་འདུ་འགོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-22

    གྲོང་ཚོ་ཡོངས་ལ་ཁྱབ་པའི་རླུང་འཕྲིན་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ས་དགའ་རྫོང་གིས་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་12དང་དེ་བཞིན་འཕྲང་སྒོ་ཤང་རྒན་གསོ་ཁང་ལ་རླུང་འཕྲིན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ཏང་དང་སྲིད་གཞུང་གི་གསུང་སྒྲ་རྒྱ་ཆེའི་གྲོང་གསེབ་ཏུ་བརྒྱུད་བསྒྲགས་ཐུབ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་འདོགས་པའི་འགན་ལེན་བྱས་པ་རེད་།

    ཤེས་རྟོགས་བྱུང་བར་གཞིགས་ན། རླུང་འཕྲིན་གྲོང་ཚོ་ཡོངས་ལ་ཁྱབ་པའི་འདུ་འགོད་ལེགས་གྲུབ་ཟིན་རྗེས། ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། ཏང་ཨུད་དང་སྲིད་གཞུང་གི་གསུང་སྒྲ་བརྒྱུད་བསྒྲགས། ཞིང་འབྲོག་པར་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་བ། ཐོན་སྐྱེད་འཚོ་བའི་རྒྱུན་ཤེས་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་སྲིད། 

    ད་ཐེངས་ས་དགའ་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་གསེབ་ཀྱི་རླུང་འཕྲིན་ཚོད་གཏོང་ལྟེ་གནས་12སྒྲིག་སྦྱོར་བྱས་པ་དང་། གྲོང་ཚོ་ཡོངས་ལ་ཁྱབ་པའི་རྒྱང་བསྒྲགས144སྒྲིག་སྦྱོར་བྱས་ཏེ་གྲོང་གསེབ་ཏུ་རླུང་འཕྲིན་ཡུན་རིང་གཏོང་བ་དང་སྤུས་ཀ་དག་པོས་གཏོང་བའི་འགན་ལེན་བྱས་ཏེ་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་བཤམས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།