[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཉིང་ཁྲི་གྲོང་ཁྱེར་གྱིས“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི”བསྐྲུན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་99.6%ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-19

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྐྲུན་པ་དང་། བདག་སྐྱོང་། དོ་དམ། སྐྱེལ་འདྲེན་བཅས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་གཞུང་ལམ་དེ་གྲངས་ཚད་ནས་སྤུས་ཚད་ལེགས་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། 2018ལོའི་ལོ་མཇུག་བར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཚད་སྤྱི་ལེ་3905.787ཟིན་ཡོད་པ་དང་། ཤང་དང་གྲོང་རྡལ་དུ་ཤར་གཏོང་ཐུབ་ཚད་92.6%དང་98.15%སོ་སོར་ཟིན་པ། སྒྲིག་གཞི་ཚང་བའི་གྲོང་ཚོར་ཤར་གཏོང་ཐུབ་ཚད་84.74%དང་99.6%སོ་སོར་ཟིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གྲོང་ཁྱེར་སྲིད་གཞུང་ལ་སྙན་སེང་ཞུས་ནས《ཉིང་ཁྲི་གྲོང་ཁྱེར་གྱི“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི”བསྐྲུན་པར་སྐུལ་འདེད་གཏོང་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2018ལོ་ནས་2020ལོ་བར)》དང《གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་ལས་དོན་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》སོགས་ཡིག་ཆ་སྔ་རྗེས་སུ་བཏོན་ནས། “གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི”བསྐྲུན་རྒྱུ་གཙོ་རྐང་དུ་བྱེད་པ་དང་། དཔེ་སྟོན་རྫོང་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། འགྲིམ་འགྲུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གཙོ་གནད་དུ་བྱེད་པ་བཅས་ཀྱི་དོ་དམ་མ་ལག་དང་ལས་ཀའི་ལམ་སྲོལ་གཞི་རྩའི་ཆ་ནས་བཙུགས་ཡོད། འབྲེལ་ཡོད་བླང་བྱ་གཞིར་བཟུང་། རྫོང(ཆུས)ཁག་ཚང་མར“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། 《“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི”བསྐྲུན་པའི་ལག་བསྟར་ཇུས་གཞི》བཏོན་པ། རྫོང(ཆུས)སྲིད་གཞུང་གིས་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་གི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་རེད།

    གྲོང་གསེབ་ཀྱི་གཞུང་ལམ་སྐྲུན་པ་དང་། བདག་སྐྱོང་། དོ་དམ། སྐྱེལ་འདྲེན་བཅས་ཀྱི་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་ཆེད་དོན་མ་དངུལ་ཡོང་ཁུངས་རྒྱ་ཆེར་ཧུར་ཐག་བཏང་ཡོད། ཕྱོགས་གཅིག་ནས་རང་སྐྱོང་ལྗོངས་ཀྱི“7351”(རྫོང་གི་གཞུང་ལམ་ལ་ལོ་རེར་སྤྱི་ལེ་རེར་སྒོར་7000དང་། ཤང་གི་གཞུང་ལམ(ཆེད་སྤྱོད་གཞུང་ལམ)ལོ་རེར་སྤྱི་ལེ་རེར་སྒོར་3500 གྲོང་ཚོའི་གཞུང་ལམ་ལོ་རེར་སྤྱི་ལེ་རེར་སྒོར་1000ཡོད་པ)ཁ་གསབ་ཚད་གཞི་དོན་འཁྱོལ་བྱས་པ་དང་། གཅིག་ཤོས་ནས་རྫོང(ཆུས)ཁག་གི་བདག་སྐྱོང་བྱེད་པོའི་འགན་འཁྲི་སྔར་བས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་མ་དངུལ་ཚང་མ་ཐག་གཅོད་བྱས་ཡོད། 2018ལོར་རྫོང(ཆུས)ཁག་གིས་ཁྱོན་མ་དངུལ་སྒོར་ཁྲི་402.73བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ལས་དོན་ལ་སྤྱད་ཡོད་པ་རེད།

    2018ལོའི་ཟླ་9པར་སྣང་རྫོང་ལྗོངས་ཡོངས་ཀྱི“‘གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི’རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང”འབའ་ཞིག་ལ་བདམས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ་སྣང་རྫོང་གི“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི”བསྐྲུན་པའི་དོ་དམ་དང་། “ཁང་གཅིག་དང་ས་ཚིགས་དྲུག” “ས་ཚིགས་གཉིས་དང་ལས་བཟོ་གཉིས”ཀྱི་བྱེད་སྟངས་ཁྱབ་གདལ་བཏང་བ་དང་། སྣང་རྫོང་གི་ཁྱབ་འགྱེད་སྣེ་ཁྲིད་བརྒྱུད་རྫོང(ཆུས)གཞན་དག་གིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཡོད། “ལམ་དཔོན”བཀོད་སྒྲིག་བྱས་ནས་ལམ་སྐྱོང་ལམ་གཅེས་ཀྱི་གྲོང་སྲོལ་དམངས་ཆིངས་བཟོས་པ་དང་ཁེ་ལས་དང་བདག་སྐྱོང་གི་གྲོས་མཐུན་བཞག་པ་སོགས་ཀྱི་སྒོ་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་བཅས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།