[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གནད་སྨིན་བྱ་ཐབས་ལག་ལེན་བསྟར། རོགས་སྐྱོར་ཕན་འབྲས་དོན་དུ་གཉེར།

    —— ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་གོ་འཇོ་རྫོང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27

    གོ་འཇོ་རྫོང་གི་གནས་ཚུལ་མདོར་བསྡུས། 

    གོ་འཇོ་རྫོང་ནི་ཆབ་མདོ་གྲོང་ཁྱེར་གྱི་ཤར་རྒྱུད་དང་འབྲི་ཆུའི་ནུབ་ངོགས་སུ་གནས་ཤིང་། རང་ལྗོངས་ཀྱི་ཤིན་ཏུ་དབུལ་པོའི་རྫོང་གི་གྲས་ཤིག་ཡིན། རྗོང་ཡོངས་སུ་གྲོང་རྡལ་1དང་། ཤང་11 རྫོང་རིམ་པ་གཞོན་པའི་ས་ངན་དོ་དམ་ཨུ་ཡོན་ལྷན་ཁང་1བཅས་ཡོད་ལ། གྲོང་ཚོ(གྲོང་ལྷན)149དང་། ཞིང་འབྲོག་དུད་ཚང་6329 མི་གྲངས་41656ཡོད། རྫོང་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་3087དང་མི་གྲངས་17520ཡོད་ཅིང་། 2016ལོར་དུད་ཚང་དབུལ་པོ་228དང་མི་གྲངས་1557དབུལ་སྒྲོལ་བྱུང་བ་དང་། 2017ལོར་དུད་ཚང་225དང་མི་གྲངས་1413དབུལ་སྒྲོལ་བྱུང་བ། 2018ལོར་དུད་ཚང་399དང་མི་གྲངས་2359དབུལ་སྒྲོལ་ཐུབ་སྟེ་དབུལ་པོ་ཐོན་ཚད་42.45%ནས་28.91%བར་ཆག་ཡོད།

    ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གི་མང་ཚོགས་དབུལ་པོའི་འཚོ་བར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་དབུལ་པོ་ཐོན་ཚད་དམའ་རུ་ཆེས་ཆེར་ཕྱིན་པས་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཆབ་མདོ་གྲོང་ཁྱེར་གྲོང་ཨུད་ཀྱི་རྒྱུན་ཨུ་གོ་འཇོ་རྫོང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་གོ་འཇོ་རྫོང་གིས་རང་སྐྱོང་ལྗོངས་ཀྱི་འཆར་གཞི་ལྟར། རྫོང་དབུལ་པོ་19ཡི་དབུལ་ཞྭ་འབུད་རྒྱུའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོན་ལས་དབུལ་སྐྱོར་ཤུགས་རྒྱག་སར་བྱས་ནས་གནད་སྨིན་དབུལ་སྐྱོར་ཐད་བྱ་ཐབས་དངོས་སྤྱོད་པ་དང་། གནད་སྨིན་རོགས་སྐྱོར་ཐད་ཕན་འབྲས་དངོས་དོན་གཉེར་བྱས་ཏེ་རྫོང་ཡོངས་ཀྱིས་དུས་བཀག་བཞིན་དབུལ་ཞྭ་འབུད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་ཅེས་བརྗོད།

    བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་དོན། གཅིག་ནས་གཙོ་གནད་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ཏེ“ས་ངན”ཡུག་ཁུལ་གྲོང་ཁྱེར་བརྒལ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་ཨ་དབང་ཤང་དང་། ལྷ་རྒྱལ་ཤང་། སྐྱ་འབེལ་ཤང་སོགས་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་གི་ལས་དོན་ལག་ལེན་བསྟར་རྒྱུ། གསུམ་ནས་རྫོང་གི“ཤར་ནགས་ལྷོ་འབྲོག་བྱང་ཞིང་”གི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་གཞིགས་ནས“མཉམ་ལས་ཁང་དང་། རྟེན་གཞི། དུད་ཚང་དབུལ་པོ་བཅས་ཟུང་འབྲེལ”དང“ཐོན་ལས་དུད་ཆེན་དང་། རྟེན་གཞི། དུད་ཚང་དབུལ་པོ་ཟུང་འབྲེལ”སོགས་ཀྱི་མཉམ་ལས་བྱེད་སྟངས་དང་། དེ་བཞིན“དུད་ཚང་དབུལ་པོ་དང་དུད་ཚང་དབུལ་པོ”མཉམ་འབྲེལ་གྱི་གཉིས་ཕན་མཉམ་གཉེར་གྱི་རྣམ་པ་སྤྱད་དེ་ཨ་དབང་ལུག་ཐོན་ལས་འཁོར་འབྲེལ་དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་རྣམ་གྲངས་ཁག་88ལག་ལེན་བསྟར་རྒྱུ། བཞི་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལ་དམ་པོར་དམིགས་ཏེ་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུའི་ཐད་ལས་དོན་སྤེལ་བ་དང་འབྲེལ། རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ། སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཁ་གསབ་དང་འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་ལམ་སྲོལ་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྣོད་བཅུད་སྤུས་རྟགས་གཏོད་པ་དང་། སྣོད་བཅུད་ལ་བརྟེན་ནས“དབུལ་པོའི་གནད་དོན་ཐག་གཅོད་ཡག་པོ”བྱེད་རྒྱུ། ལྔ་ནས་ཨར་སྐྲུན་ལས་གྲྭ་དང་། རླངས་འཁོར་ཉམས་གསོ། སྔོ་ཚལ་འདེབས་འཛུགས། ཁ་ལོ་བའི་ལག་རྩལ་གསོ་སྦྱོང་། བོད་བཟོའི་ལག་ཤེས་ཐོན་རྫས་སོགས་མངགས་ཐོ་རྣམ་པའི་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས“དབུལ་པོ་དྲུངས་ནས་འབྱིན་ཐུབ་པར”བྱེད་རྒྱུ། དྲུག་ནས“སྲིད་གཞུང་དང་། དངུལ་རྩའི་སྒྲིག་གཞི། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་འབྲེལ་བའི”རྒྱུ་ནོར་གྱི་ཕན་པ་ཐོབ་པའི་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་དངུལ་རྩའི་ཐོན་ཁུངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་ལྕག་སྐུལ་གཏོང་རྒྱུ་བཅས་རེད།

    བཀྲ་ཤིས་ཀྱིས་མིག་སྔར་གོ་འཇོ་རྫོང་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་དཀའ་གནད་ཆེ་ཤོས་དང་འགག་སྒྲོལ་གྱི་མཐའ་མའི་གདོང་མཆོང་གི་དུས་སུ་སླེབས་ཡོད་པས། ལོ་ཤས་གོང་གི་དཀའ་སྤྱད་འབད་བརྩོན་གྱི་རྨང་གཞིའི་ཐོག་སླར་ཡང་ཟླ་ཁ་ཤས་འབད་བརྩོན་བྱས་ཏེ་དུད་ཚང་དབུལ་པོར་ཟས་གོས་འགྲོ་སྡོད་དང་། སྨན་བཅོས་སློབ་གསོ། སྡོད་ཁང་སོགས་ཐད་སེམས་ཁྲལ་མེད་པའི་འགན་ལེན་བྱེད་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཐུབ་པར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་དུས་བཀག་བཞིན་དབུལ་ཞྭ་འབུད་རྒྱུ་ཡིན་ཞེས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།