[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷ་རྩེ་རྫོང་གིས་མཉམ་ལས་ཁང་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

     འདི་ལོ་ནས་བཟུང་། ལྷ་རྩེ་རྫོང་གིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཏེ་ཏང་འཛུགས་སྐྱོང་གི་ལས་དོན་དང་མཉམ་ལས་ཁང་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུར་རྩ་འཛུགས་ཀྱི་རྨང་གཞི་བཏིང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་རེད།

    ལྷ་རྩེ་རྫོང་གི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱིས་རིམ་པ་བཞིན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་སྐུལ་འདེད་ཚོགས་འདུ་འཚོགས་ནས་རྫོང་ཡོངས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པའི་དུང་བརྡ་གྲགས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་དང་ཧྲུའུ་ཅི་ཨང་དང་པོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་གདོང་གཏུག་གིས་ཞིང་འབྲོག་མང་ཚོགས་ལ《ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས》དང་འབྲེལ་བའི་སྲིད་ཇུས་ཁག་ཐེངས་240ལྷག་ཙམ་དྲིལ་བསྒྲཌ་བྱས་ནས། མཉམ་ལས་ཁང་གཉེར་བ་དང་མཉམ་ལས་ཁང་འཕེལ་རྒྱས་ནང་ཞུགས་པའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་ཟམ་མི་ཆད་པར་འཕེལ་བར་བྱས་པ་རེད། མིག་སྔར་ལྷ་རྩེ་རྫོང་གི་སྲིད་འཛིན་གྲོང་ཚོ་98ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་156ཐོ་འགོད་བྱས་པ་དང་མ་རྐང་ནང་ཞུཌ་མཁན་མི་3685ཟིན་ཡོད་པ་རེད།

    གཞི་རིམ་ཏང་རྩ་འཛུགས་ཁག་གིས“མེ་འཁོར་གྱི་མགོའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་འགུལ་ངང་འབྲེལ་ཡོད་ལས་རིགས་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ནས་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་བ་ཐོབ་གང་ཐུབ་བྱས་ཏེ་མཉམ་ལས་ཁང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ་དང་ཆབས་ཅིག ཕྱུག་འགྱུར་འཇོན་ཐང་ཅན་གྱི་གཉེར་སྐྱོང་བྱེད་མཁས་པ་དང་། དོ་དམ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས“ཆེད་ལས་མཉམ་ལས་ཁང་དང་། ཕྱུག་འགྱུར་འཇོན་ཐང་ཅན། མང་ཚོགས་དབུལ་པོ་བཅས་མཉམ་དུ་འབྲེལ་བའི”གཉེར་སྐྱོང་དང་འཕེལ་རྒྱས་ཀྱི་རྣམ་པ་སྤྱད་དེ་མང་ཚོགས་དབུལ་པོ་མཉམ་ལས་ཁང་ནང་ཞུགས་པའི་ཧུར་སེམས་འཕེལ་བར་བྱས་ཏེ“ཏང་ཡོན་གྱིས་སྣེ་འཁྲིད་ཕོད་པ་དང་མང་ཚོགས་ཚོས་མཉམ་དུ་སྟོབས་ཤུགས་འཕེལ་བའི”དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།