[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཀོང་པོ་རྒྱ་མདའ་རྫོང་གིས་ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“བཅོས་སྒྲིག་གསུམ་དང་མཐོར་གཏོང་གསུམ”གྱི་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་གིས་ཏང་ཡོན་གྱིས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་དང་། ཁས་ལེན་ལག་བསྟར་ཐུབ་པ། གདོང་ལེན་པ་བརྩོན་ལེན་བཅས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་སློབ་གསོ་ཁྲིད་སྟོན་བྱས་པ་མ་ཟད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཧུར་ཐག་ཞུགས་པ་རེད། ཏང་ཡོན་གྱིས་སྣེ་ཁྲིད་དང་། དང་བླངས་པས་གཞོགས་འདེགས་པ། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་དམངས་ཡོངས་མཉམ་ཞུགས་ཀྱི་རྣམ་པ་ཞིག་ཆགས་པ་དང་འབྲེལ། བྱ་སྤྱོད་དངོས་ལ་བརྟེན་ནས་ཞིང་འབྲོག་ཁུལ་སྡོད་མལ་ཁོར་ཡུག་གི“བཙོག་ཟིང་ཞན”གསུམ་གྱི་རྣམ་པ་ལེགས་བཅོས་བྱས་པ་རེད།

    ཏང་ཡོན་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་གྲོང་གསར་ཤང་གི་གྲོང་ཚོ་ཁག་གི་མང་ཚོགས་ཀྱི་སྡོད་ཁང་རྒྱབ་མདུན་གྱི་གད་སྙིགས་དང་ཛ་ཛོར་མེད་པར་བཟོས་པ་དང་། གྲོང་མིའི་ཁྱིམ་ཚང་གི་འཕྲོད་བསྟེན་དེ་བས་ལེགས་སུ་ཕྱིན་པ། གྲོང་ཚོའི་ལྕི་བ་དང་འགྱིག་རྫས་ཀྱི་སྦགས་བཙོག་ཉུང་དུ་ཕྱིན་པ། གྲོང་ཚོ་ཁག་གི་སྲང་ལམ་དང་སྒོ་ར་གཙང་སྦྲ་ལྡན་པ། སྡོད་མལ་ཁོར་ཡུག་དེ་བས་མཛེས་སྡུག་དང་། ཞི་མཐུན། སྡོད་མལ་དང་འཚམ་པ་བཅས་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།