[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཉི་འོད་དྲོད་ཁང་ལ་བརྟེན་ནས་དབུལ་གྲོལ་ལམ་བུར་ཞུགས།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-08

    W020171101589980203722.jpg

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།  དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་བསམ་པ་བློ་ལ་བརྟན་པོར་བཅངས་ཏེ།  གྲོང་མི་ཚོར་འཚོ་བ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་གཏོང་བའི་ལམ་བུ་འཚོལ་ཞིབ་དང་དབུལ་གྲོལ་ལས་ཀར་དམ་འཛིན་ལྷོད་མེད་བྱས་ཡོད།  ད་ལོའི་སྤྱི་ཟླ ༣ པའི་ཚུན་དུ་ལས་དོན་རུ་ཁག་དེས་མ་དངུལ་གྲབས་གསོག་བྱེད་པ་དང་དབུལ་ཕོངས་ཁྱིམ་ཚང་སྒྲིག་འཛུགས་བྱས་ཏེ།  གྲོང་ཚོའི་བེད་མེད་དུ་བསྐྱུར་བའི་དྲོད་ཁང་རྙིང་པ་བསྐྱར་སྐྲུན་བྱས་ནས་སྔོ་ཚལ་དང་འབྲས་ཤིང་འདེབས་འཛུགས་བྱེད་པ་དང་འདེབས་འཛུགས་ལག་རྩལ་ཐད་འཁྲིད་སྟོན་སོགས་བྱས་ཡོད།  ད་ཆ་དྲོད་ཁང་ནང་གི་སྔོ་ཚལ་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པ་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།