[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-26

    465167_yis_1514176974814.jpg

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། དམིགས་གསལ་ཁྱད་ཆོས་ལྡན་པའི་ཆུས་བབ་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ཏེ། “འོད་ཤུགས་གློག་གཏོང་དང་། སྒྲིག་བཀོད་ཞིང་ལས། ཕྱུགས་རིགས་གསོ་ཚགས། སྤྲོ་གསེང་ལྟ་སྐོར། འོད་ཤུགས་ནུས་གསོག འོད་ཤུགས་དབུལ་སྐྱོར”བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་གསུམ་ཕྱོགས་བསྡུས་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་པ་མ་ཟད། ད་དུང“འོད་ཤུགས་དང་སྣོད་བཅུད་སྒྲིག་བཀོད་ཞིང་ལས”ཀྱི་ཐོན་ལས་དབུལ་སྐྱོར་དཔེ་སྟོན་ཁུལ་རྣམ་གྲངས་ཀྱང་འཆར་འགོད་ཀྱིས་འཛུགས་སྐྲུན་བྱས་ཡོད། ད་བར་ཁུལ་ཡོངས་ཀྱིས་འོད་ཤུགས་ཁེ་ལས་20དང་འདོད་མོས་ཡོད་པའི་ཁུལ་ཞུགས་ཁེ་ལས་10ནང་འདྲེན་བྱས་པ་དང་འབྲེལ། གན་རྒྱ་ཡང་བཞག་ཡོད། མིག་སྔར་ཁུལ་དེར་ལས་འགོ་ཚུགས་ཟིན་པའི་ཞིང་ལས་རྣམ་གྲངས་ཁྱོན་7ཡོད་པ་དང་2017ལོར་མ་དངུལ་སྒོར་དུང་ཕྱུར་10ཡན་གཏོང་རྒྱུ་རེད། དུས་མཚུངས་སུ་ཁུལ་གནས་ཡུལ་ལྕགས་འདམ་ཤང་མི་དམངས་སྲིད་གཞུང་གིས་ངལ་ནུས་ཕྱིར་གཏོང་ཀུང་སི་ཆེད་མངགས་བཙུགས་ནས་ཐོན་ལས་ཁུལ་གྱི་ཁེ་ལས་འཛུགས་སྐྲུན་གྱི་ལས་མི་སྤྱོད་པའི་གནད་དོན་ཐག་གཅོད་ཡང་དག་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་ཡོད། འདི་ནི་ཉེ་ཆར་ཀུང་སིའི་ལས་མིས་སྔོ་ཚལ་མྱུ་གུ་སྤོ་འཛུགས་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།