[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ལྗོངས་སྨན་གླིང་ཟུར་གསུམ་གྲོང་ཚོའི་གྲོང་མིས་དམངས་སྲོལ་ལ་བརྟེན་ནས་འབབ་འཕར་ཡོང་ཐབས་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-22

    624196_yis_1558407860075.jpg

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་ནི་དུད་ཚང་30དང་མི་གྲངས་180ཡོད་པའི་བོད་རིགས་ཀྱི་གྲོང་ཚོ་ཞིག་རེད། 2013ལོའི་ལོ་འགོར་ཟུར་གསུམ་གྲོང་ཚོའི་བོད་རིགས་གྲོང་མི་ཁག་གཅིག་གིས་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱི་སྣེ་ཁྲིད་དང་རོགས་སྐྱོར་འོག་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་གྱི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་དང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་ཁང་སོགས་བཙུགས་པར་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། གྲོང་མི་ཆའོ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་6རིང་ཟུར་གསུམ་གྲོང་ཚོའི་དུད་ཚང་17གྱིས་ཁྱིམ་ཚང་མགྲོན་ཁང་དང་བོད་རིགས་ཀྱི་ཡུལ་གོམས་གཤིས་ལུགས་མྱོང་རོལ་ཁང་སོགས་བཙུགས་ཡོད་ཅིང་། འདི་ནི་ཟླ་5ཚེས་18ཉིན་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་གྲོང་མི་ཆའོ་ཚེ་རིང་ཁྱིམ་གྱི་ཡུལ་གོམས་གཤིས་ལུགས་མྱོང་རོལ་ཁང་དུ་བོད་ཆས་གྱོན་པའི་ཡུལ་སྐོར་བ་ཞིག་གིས་རྟ་བཞོན་ནས་ཡུལ་གོམས་གཤིས་ལུགས་མྱོང་རོལ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།