[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་ལྗོངས་པ་སྣམ་རྫོང་དུ་ཤིང་འབྲས་དང་སྔོ་ཚལ་བཏབ་པས་ཞིང་འབྲོག་པར་འབབ་འཕར་བྱུང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-01

    627903_yis_1559276579311.jpg

    བོད་ལྗོངས་པ་སྣམ་རྫོང་གིས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ལྟེ་བར་བྱེད་པ་དང་། ཉེ་འཁོར་གྱི་ཤང་དང་གྲོང་རྡལ་གྱི་ཤིང་འབྲས་དང་སྔོ་ཚལ་འདེབས་ཁུལ་གཙོ་རྐང་དུ་བྱས་ནས་སྣོད་བཅུད་ལྗོངས་གཟིགས་དང་། འཐུ་རྒྱུ་མྱོང་རོལ། ཡུལ་སྐོར་སྤྲོ་གསེང་བཅས་དང་མཉམ་འདྲེས་བྱས་ཏེ་ཤིང་འབྲས་དང་སྔོ་ཚལ་འདེབས་རྒྱུ་གཞི་ཁྱོན་ཅན་དང་ཁྲོམ་ར་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། རྫོང་ཡོངས་སུ་ཤིང་འབྲས་དང་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.46ཟིན་པ་དང་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་136ཐོན་སྐྱེད་ཐུབ་ནས་ཤིང་འབྲས་དང་སྔོ་ཚལ་ཡོང་འབབ་ཀྱིས་ཞིང་པའི་ཡོང་འབབ་ཀྱི་20%ལྷག་ཙམ་ཟིན་ཞིང་། འདི་ནི་པ་སྣམ་རྫོང་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཧྲན་ཏུང་ཅི་ནན་གྱི་བོད་སྐྱོར་ལས་བྱེད་པ་ཅུས་ཀྲེང་ཅང(གཡོན)དང་ཁྲེང་ཕེང་གོ(དཀྱིལ)གཉིས་ཀྱིས་གླིང་ཁུལ་གྱི་ལས་མི་དང་མཉམ་དུ་བཏུས་མ་ཐག་པའི་ཤིས་ཀྭ་ཤོག་སྒམ་ནང་བླུཌ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།