[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ངག་དབང་ལུག་ལས་དུད་ཚང་དབུལ་པོར་འབབ་འཕར་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-09

    629368_yis_1559710299415.jpg

    འགོ་འཇོ་རྫོང་ངག་དབང་ལུག་གི་བལ་འཇམ་པ་དང་ཤའི་སྤུས་ཀ་ལེགས་པ་སོགས་ཀྱི་མཚན་སྙན་ལྗོངས་ཕྱི་ནང་དུ་ཁྱབ་ཡོད། ད་ཕན་ལོ་ཤས་རིང་འགོ་འཇོ་རྫོང་གིས་ལུག་གི་ཐོན་ལས་རྒྱ་ཆེར་བཏང་ནས“ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་གཟན་རྩྭ་ལས་སྣོན་བཟོ་གྲྭ་དང་། སྐྱེ་ལྡན་རྫས་ལུད་ལས་སྣོན་བཟོ་གྲྭ གྲང་འཇོག་ཟོག་འགྲེམས་མ་ལག དྲ་ཚོང་ཆ་འཕྲིན་ཅན་བཅས་ཀྱི་ལས་སྟེགས་བཏོད་ནས་ལུག་ལྤགས་དང་། བལ། ལུག་ཤ རིལ་མ་སོགས་གང་ལེགས་སྤྱད་དེ་དུད་ཚང་དབུལ་པོར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། མིག་སྔའི་བར་རྫོང་ཡོངས་སུ་ངག་དབང་ལུག་གི་དངོས་ཡོད་མགོ་གྲངས་ཁྲི་7.3ཟིན་པ་དང་ལོར་གསོན་ཚད་90%ཡན་ཟིན་ཡོད། འདི་ནི་ངག་དབང་ལུག་གི་གསོ་ཚགས་རྟེན་གཞིའི་དོ་དམ་པས་ལུག་འཚར་ཚུལ་ལ་ལྟ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།