[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྣོད་བཅུད་ཞིང་ལས་ཀྱིས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-20

    631919_yis_1560327243168.jpg

    2015ལོར་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་མདའ་ཤང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་མ་དངུལ་བརྩོན་ལེན་ཧུར་ཐག་གིས་བེའུ་མདའ་ཤང་བེའུ་མདའ་གྲོང་ཚོར་འཁོར་སྐྱོད་ཆོག་པའི་སྣོད་བཅུད་ཞིང་ལས་དཔེ་སྟོན་རྟེན་གཞི་ཆུང་གྲས་བཙུགས་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔའི་བར་རྟེན་གཞི་དེར་ཁ་རུབ་ཀྱི་བོད་ཕག་100ཙམ་དང་། ཧུང་ལའི་རི་བྱ་2000ལྷག་ཙམ། གནོད་མེད་སྔོ་ཚལ་འགྱིག་ཤོག་དྲོད་ཁང་8བཅས་ཡོད་པ་དེས་ས་གནས་དེ་གའི་དུད་ཚང་དབུལ་པོ་18ཀྱི་མི་གྲངས་58ལ་འབབ་འཕར་བྱུང་ཡོད་ཅིང་། འདི་ནི་མང་ཚོགས་ཚོས་འགྱིག་ཤོག་དྲོད་ཁང་ནང་ཤ་མོ་སྐྱེ་ཚུལ་ལ་ལྟ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།