[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • མི་རིགས་ཀྱི་ལག་ཤེས་བཟོ་རྩལ། ཕྱུག་འགྱུར་གྱི་ལམ་བུ་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་རྫོང་ཡོངས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་མཐའ་འཁྱོངས་བྱེད་པ་དང་། ས་གནས་ཀྱི་མི་རིགས་ཁྱད་ལྡན་ཐོན་ལས་གཏོད་པ་དབུལ་སྒྲོལ་འགག་སྒྲོལ་དང་གནད་སྨིན་དབུལ་སྒྲོལ་ལས་དོན་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་དབུལ་སྐྱོར་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གལ་ཆེན་དུ་འཇོག་པར་མུ་མཐུད་ཤུགས་རྒྱག་པ་དང་། མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་མི་རིགས་རིག་གནས་སྲུང་སྐྱོང་དང་། དར་སྤེལ། དར་རྒྱས་གཏོང་བ་དང་། གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་གསར་པར་གྱུར་པར་བྱས་པ་རེད།

    642450_yis_1563245187285.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མི་རིགས་ལག་ཤེས་བཟོ་རྩལ་ལག་ཤེས་རྒྱུན་འཛིན་ཐོན་ལས་གླིང་ཁུལ་དུ་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་མིས་སྤོས་ཐུམ་སྒྲིལ་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།