[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • གཞིས་རྩེའི་གླིང་འཛུགས་སྐྲུན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱས་པ།

    མང་ཚོགས་དབུལ་པོ་1717ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-15

    ཉིན་ཤས་གོང་། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གི་ཁྱབ་འགྱེད་ཕན་འབྲས་ལ་བརྟེན་ནས་པ་སྣམ་རྫོང་དུ་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་དང་མུའུ་ཁྲིའི་འདྲེ་ཚེར་མའི་སྣོད་བཅུད་ལྟ་སྐོར་ཐོན་ལས་གླིང་ཧུར་ཐག་གིས་བསྐྲུན་པ་དང་། ཤིང་ཏོག་དང་སྔོ་ཚལ། འདྲེ་ཚེར་མ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། དེང་རབས་ཞིང་ལས་ཐོན་ལས་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ་དམངས་ཕྱུག་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་བར། རིམ་རྩིས་བྱས་ན། དངོས་མང་སྟོན་ཚོགས་གླིང་དང་འདྲེ་ཚེར་མ་གླིང་གིས་ཡུན་རིང་གི་ལས་ཞུགས་ལས་གནས་461མཁོ་འདོན་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་ས་གནས་དེ་གའི་མང་ཚོགས་དབུལ་པོ་1717ལ་སྐུལ་ཁྲིད་བྱས་ཏེ་ལོར་འབབ་འཕར་སྒོར་ཁྲི་202བྱུང་ཡོད་པ་དང་། ཐག་ཉེ་ས་དང་སྟབས་བདེ་སར་མང་ཚོགས་མི་ཐེངས་ཁྲི་23.3ལས་ཀ་བྱེད་པར་སྐུལ་ཁྲིད་བྱས་ཏེ་ངལ་ནུས་གླ་ཆ་དང་འཕྲུལ་ཆས་ཀྱི་བོགས་དངུལ་སྒོར་ཁྲི་6525ལྷག་ཙམ་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།