[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • སྤོ་བོ་རྫོང་གིས“གཅིག་གཏད་གཅིག”གི་ཐོག་ནས་དབུལ་སྐྱོར་བྱས་ཏེ་དཀའ་གནད་བསལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-25

    འདི་ལོ་ཚུན་དུ་སྤོ་བོ་རྫོང་གི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་དབུལ་སྒྲོལ་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཨང་དང་པོར་བཞག་ནས་དམིགས་བསལ་གྱི་མི་འབོར་དབུལ་པོར་གནད་སྨིན་རོགས་རམ་དང་། ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། དཀའ་གནད་སེལ་བ། འགག་གནད་སྒྲོལ་བ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

    རིགས་དབྱེའི་རོགས་སྐྱོར་བྱེད་ཐབས་དང་དུད་ཚང་དབུལ་པོར་རོགས་རམ་བྱེད་པའི་ལམ་སྲོལ་ལ་གཞིགས་ནས། ཐ་སྐྱོང་དབུལ་སྒྲོལ་དུད་ཚང་དང་དུད་ཚང་དབུལ་པོར“རོགས་རམ”བྱ་རྒྱུ་གཙོ་བོར་བྱེད་པ་དང་། ནད་གཞི་དང་། དབང་པོ་སྐྱོན་ཅན། གནོད་འཚེ་སོགས་རྐྱེན་གྱིས་དཀའ་ངལ་འཕྲད་མཁན་ལ“གཅིག་གཏད་གཅིག”གི་གནད་སྨིན་རོགས་སྐྱོར་བྱས་པ། རོགས་སྐྱོར་གྱི་རྩིས་ཁྲ་བཟོས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཚང་མར“2019ལོའི་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་མཐོར་གཏོང་གི་བྱ་སྤྱོད”ལས་དོན་གྱི་རྩིས་ཁྲ་བཟོས་པ། དུད་ཚང་རེ་ལ་ཡིག་ཚགས་རེ་དང་རྩིས་ཁྲ་རེ་གཞིར་བཟུང་། ལས་ཞུགས་དང་། ཐོན་ལས། སྤྱི་ཚོགས། སྲིད་ཇུས་རོགས་སྐྱོར་བཅས་ནས་རོགས་སྐྱོར་གཏིང་ཟབ་བྱས་ཏེ་དུད་ཚང་དང་མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་དང་དགོས་མཁོར་གཞིགས་ནས་རོགས་སྐྱོར་བྱས་ཏེ་དུས་ཐོག་ཏུ་རོགས་སྐྱོར་ཐུབ་པ་བཅས་བྱས་པ་རེད།

    མིག་སྔའི་བར་སྤོ་བོ་རྫོང་གི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ལ་རོགས་རམ་བྱས་ནས་ལོ་འཁོར་གྱི་དབུལ་སྒྲོལ་འཆར་གཞི་128དང་། གྲོང་ཚོ“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་རོགས་སྐྱོར་མ་དངུལ་དང་རྣམ་གྲངས་ཡོངས་བསྒྲགས་ལམ་ལུགས་68བཟོས་ནས་ལག་བསྟར་བྱས་པ་དང་། གྲོང་ཚོར(གྲོང་ལྷན)རོགས་རམ་བྱས་ནས་མཉམ་སྡེབ་དཔལ་འབྱོར་6དང་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་4 གྲོང་སྡོད་ལས་དོན་རུ་ཁག་6བཅས་བཙུགས་པ། གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་འགན་གཙང་བླངས་ནས་དུད་ཚང་དབུལ་པོ་972ཡི་མི་གྲངས་3778ལ་རོགས་རམ་དང་། མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་299ཐག་གཅོད་བྱས་པ། དུད་ཚང་དབུལ་པོར་རྩལ་ནུས་གསོ་སྦྱོང་ཐེངས་49བྱས་ནས་མི་གྲངས་211ལས་ཞུགས་གཞན་སྒྱུར་བྱས་པ་དང་དངུལ་སྨར་ཡོང་འབབ་སྒོར་47007བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།