[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • དངུལ་རྩའི་དབུལ་སྐྱོར་སྣེ་ཁྲིད་པ་ལི་ཡོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-25

    ལི་ཡོན་ནི་སྦྲག་སྲིད་དངུལ་ཁང་བོད་ལྗོངས་ཉིང་ཁྲི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ཡིན་ཞིང་། ཁོང་གིས་ཉིང་ལག་དངུལ་ཁང་གི་ལས་བྱེད་ལས་བཟོའི་སྣེ་འཁྲིད་དེ“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”གྱི་གཞི་རྩའི་མཛད་ཇུས་ལ་དམ་པོར་དམིགས་ནས། གནད་སྨིན་དབུལ་སྐྱོར་དང་དངུལ་རྩའི་དབུལ་སྒྲོལ་གྱི་བྱེད་ཐབས་ཁག་ལག་ལེན་ཧུར་ཐག་བསྟར་བ་དང་དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པས། ཀུན་གྱིས་དགའ་མགུ་ཡི་རང་ཞུ་བའི“དངུལ་རྩའི་དབུལ་སྐྱོར་སྣེ་ཁྲིད་པར”གྱུར་ཡོད། དེར་བརྟེན་ལི་ཡོན་ལ་བོད་རང་སྐྱོང་ལྗོངས་ཀྱིས“2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལེགས་སྐྱེས་བྱ་དགའ”སྤྲད་པ་དང་། སྦྲག་སྲིད་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཉིང་ལག་དངུལ་ཁང་ལ་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་པུའུ་དང་དེ་བཞིན་ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“2016ལོ་ནས་2018ལོ་བར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་རྩར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    དབུལ་སྐྱོར་དངུལ་བུན་གྱི་དམིགས་བསལ་རང་བཞིན་ལ་དམིགས་ནས། ལི་ཡོན་གྱིས་དོན་དངོས་གཞིར་བཟུང་ལས་སྒོའི་ལམ་སྲོལ་དང་ཞབས་ཞུའི་ལམ་སྲོལ་ལེགས་སུ་བཏང་སྟེ་དངུལ་བུན་གཏོང་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད། དབུལ་སྐྱོར་དངུལ་བུན་གཏོང་བའི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ནས་དུས་བཀག་ནང་ལས་དོན་སྒྲུབ་དགོས་པའི་ལམ་ལུགས་ཕྱོགས་ཡོངས་ལ་ཁྱབ་གདལ་བཏང་བ་སྟེ། དབུལ་སྐྱོར་དངུལ་བུན་རེ་ཞུ་བྱེད་པའི་ཉིན་དེ་རང་དུ་ཞིབ་དཔྱད་ཟིན་པ་བྱེད་དགོས་པ་དང་། གཏན་འབེབས་དུས་ཚོད་ནང་དངུལ་བུན་ཞིབ་མཆན་འགོད་དགོས་པ་མ་ཟད། དངུལ་བུན་གཏོང་དགོས་པ་དེ་རེད། དེ་དང་དུས་མཚུངས་ཉེན་ཁ་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་དེ་མཚུངས་ཀྱི་རྒྱུ་རྐྱེན་ལ་དུས་ཐོག་ཏུ་སྤེལ་རེས་དང་ལེགས་སྒྲིག་བྱས་པ་རེད། གཞན་ཡང་ཁོང་གིས་འགན་འཁྲིའི་ཞིབ་སྲོལ་དང་། འབྲེལ་ཡོད་འགྲོ་ལུགས་གཉེར་སྟངས་དང་དེ་བཞིན་འགན་འཁྲི་གཏན་འབེབས་གསལ་པོ་བྱས་ཏེ། ཡིད་རྟོན་དངུལ་བུན་གཡར་མཁན་ཚོའི་སེམས་ཁྲལ་བསལ་བ་དང་ལས་ཕྱོད་མཐོ་རུ་ཕྱིན་ཡོད།

    ཞིང་པའི་དངོས་ཡོད་དགོས་མཁོ་ཁོང་དུ་ཡང་དག་ཆུད་པ་དང་དབུལ་སྐྱོར་ས་ཚིགས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་བྱ་ཆེད། རྒྱུན་དུ་ལི་ཡོན་གྱིས་གྲོང་ཚོ་དང་། ཁེ་ལས། དུད་ཚང་བཅས་སུ་བསྐྱོད་དེ། བརྟག་ཞིབ་གཏིང་ཟབ་བྱས་ནས་འཕྲལ་མར་མཐོང་ཆོས་མྱོང་གྲུབ་ཀྱི་དཔྱད་གཞིའི་ཡིག་ཆ་རག་ཐབས་བྱེད་ཀྱི་ཡོད། སྣང་རྫོང་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོའི་མི་སེར་ཚོས་སུར་པན་འདེབས་འཛུགས་ཀ་རྟེན་ཐོན་ལས་སུ་བརྩི་བ་དང་། དེ་ནི་ས་གནས་དེའི་ཁྱད་ལྡན་ཐོན་ལས་གྲས་ཤིག་རེད། དེར་བརྟེན་གྲོང་ཚོར་སུར་པན་མཉམ་ལས་ཁང་ཞིག་གཉེར་ཡོད། མཉམ་ལས་ཁང་གི་མ་དངུལ་གྱི་དགོས་མཁོ་སྐོང་ཆེད། ལི་ཡོན་གྱིས་ས་ཆ་དངོས་སུ་བརྟག་དཔྱད་བྱེད་པར་ཐེངས་མང་བསྐྱོད་དེ་མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ་ཤེས་རྟོགས་བྱས་ནས། མཉམ་ལས་ཁང་ལ་དངུལ་བུན་སྒོར་ཁྲི་270གཡར་བས། མཉམ་ལས་ཁང་གི་གཉེར་སྐྱོང་གཞི་ཁྱོན་རིམ་བཞིན་རྒྱ་ཆེར་ཕྱིན་པ་དང་ཕན་འབྲས་ཀྱང་ཉིན་རེ་ལས་མ་བསྡད་པར་ཆེ་རུ་ཕྱིན་ཏེ། ས་གནས་དེ་གའི་མི་སེར་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

    2017ལོ་ཚུན་དུ་ལི་ཡོན་གྱི་གཙོ་ཁྲིད་འོག སྦྲག་སྲིད་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཉིང་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དྲུག་དང་ཆུས་གཅིག་གི་ཐོན་ལས་དབུལ་སྐྱོར་ལས་དོན་དང་འབྲེལ་མཐུད་བྱས་པ་མ་ཟད། རྫོང་བཞིའི་དབར་ཐོན་ལས་དབུལ་སྐྱོར་གྱི་མཉམ་ལས་གྲོས་མཐུན་ཡང་བཞག་པ་རེད།

    འདི་ལོའི་ཟླ་7ཚེས་30ཉིན་བར། སྦྲག་སྲིད་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཉིང་ལག་དངུལ་ཁང་གིས་ཐོན་ལས་དབུལ་སྐྱོར་གྱི་སྒོར་དུང་ཕྱུར་3ཟིན་པའི་དངུལ་བུན་རྣམ་གྲངས་10བདག་སྤྲོད་བྱས་པ་དང་། ཐོན་ལས་དབུལ་སྐྱོར་ལ་དངུལ་བུན་ཁག་དྲུག་བཏང་བ་དེར་ཁྱོན་བསྡོམས་སྒོར་དུང་ཕྱུར་1.45དངོས་སུ་བཏང་སྟེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་1500ཙམ་སྐུལ་ཁྲིད་ཐུབ་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་དང་། རྫོང་། ཆུས་བཅས་ཀྱི་ཐོན་ལས་དབུལ་སྐྱོར་ལ་རམ་འདེགས་བྱས་ཏེ། དབུལ་སྐྱོར་ལ་རང་ནུས་སྐྱེས་སུ་ཕུལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།