[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • དངུལ་རྩས་དབུལ་སྒྲོལ་ཕྱུག་འགྱུར་ལ་རམ་འདེགས་བྱས་པ།

    ​ཀྲུང་གོ་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེཌ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-22

    701114_yis_1579235094056_s 副本.jpg

    འདི་ནི་མངའ་རིས་ཡན་ལག་དངུལ་ཁང་ལས་གཉེར་པུའི་ལས་མིས་ཕྱོགས་བསྡུས་ལས་སྒོ་ཚོང་གཉེར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

    ལོ་མང་རིང་ཀྲུང་གོ་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང(གཤམ་དུ“མངའ་རིས་ཞིང་ལས་དངུལ་ཁང”ཞེས་བསྡུ་རྒྱུ)གིས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། མི་འབོར་དབུལ་པོ་ལས་ཞུགས་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དམིགས་ཚད་དུ་བཟུང་བ་དང་། ཐོན་ལས་དམ་འཛིན་བྱ་གཞིར་བྱེད་པ། ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་ཁྲིད་སྟོན་དུ་བྱེད་པ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་མང་ཚོགས་དབུལ་པོ་ཕྱུག་འགྱུར་གྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ལ་དངོས་འབྲེལ་འགྱུར་བ་བྱས་ཡོད།

    ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས“རང་བརྟེན”ནུས་པ་ཆེ་རུ་བཏང་བ། 

    མི་འབོར་དབུལ་པོ་དུས་བཀག་ནང་དབུལ་སྒྲོལ་དང་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགག་རྩ་ནི་ལས་ཞུགས་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། རྩ་བའི་ཐབས་ལམ་ནི་ཐོན་ལས་སྟོབས་ཆེར་གཏོང་བ་དང“རང་བརྟེན”ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད། འཇོན་ཐང་ཅན་དང་དུད་ཚང་ཆེ་མོ། ཕྱུག་འགྱུར་སྣེ་ཁྲིད་པའི་ཐོན་སྐྱེད་གཉེར་སྐྱོང་དང་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་དང་། ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་འབོར་དབུལ་པོ་ལས་ཞུགས་ཐུབ་ཚད་དང་བགོ་འགྲེམས་མང་དུ་འགྲོ་བར་སྐུལ་ཁྲིད་བཅས་བྱ་ཆེད། མངའ་རིས་ཞིང་ལས་དངུལ་ཁང་གིས་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་ཀྱི་ལམ་སྲོལ་གསར་གཏོད་ནང་ཧུར་ཐག་ཞུགས་ཏེ། ཞབས་ཞུའི་དྲ་རྒྱ་ཁྱབ་རྒྱ་ཆེ་བ་དང་དངུལ་རྩའི་ཞབས་ཞུའི་ལས་དོན་ཐག་རིང་མང་ཚོགས་དང་ཉེ་བཅར་གྱི་ལེགས་ཆ་གང་ལེགས་སྤྱད་དེ་ཡིད་རྟོན་དངུལ་བུན་ལ་བརྟེན་ནས། ཞིང་འབྲོག་ལས་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། 

    ཞིང་འབྲོག་དུད་ཁྲོད་དངུལ་བུན་གཡར་བའི“ཕ་ལམ་བྱང་བུ”ཡོད་པ་རྣམས་ཕྱུག་འགྱུར་སྣེ་ཁྲིད་པར་བརྩིས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པའི་འཕེལ་རྒྱས་ཐོན་སྐྱེད་དང་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཐག་གཅོད་ཤུགས་ཆེན་བྱས་པ་མ་ཟད། གཞི་རིམ་ལས་གཉེར་ས་ཚིགས་ཀྱིས་སྐྱེད་སྲིང་བྱས་པའི“ཕ་ལམ་བྱང་བུའི”ཕྱུག་འགྱུར་སྣེ་ཁྲིད་པའི་རྨང་གཞིའི་ཐོག སྲིད་ཇུས་ཤེས་པ་དང་དད་སེམས་ཡོད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་410སྐྱེད་སྲིང་བྱས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པའི་དཔུང་ཁག་སྟོབས་ཆེར་བཏང་ཡོད།

    ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱས་པ། 

    མངའ་རིས་ཞིང་ལས་དངུལ་ཁང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱ་རྒྱུ་ལྟེ་བར་བརྩིས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཏང་འཛུགས་སྐྱོང་ལས་དོན་གྱི་གཞི་རྟེན་གསར་གཏོད་བྱེད་པ་དང་། ཏང་ཡོན་གྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཏང་ཡོན་གྱི་བྱེད་སྒོའི་སྤུས་ཚད་མཐོ་རུ་གཏོང་བ། ལས་མིའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་ཀ་འཕེལ་རྒྱས་ཡག་པོ་ཡོང་བ་བྱས་ཡོད།

    མངའ་རིས་ཞིང་ལས་དངུལ་ཁང་གིས་རིམ་གཉིས་ཡན་ལག་དངུལ་ཁང་གི་སྒྲིག་བཤེར་ལྟ་ཞིབ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གཤིས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་པ། ཧུར་བསྲི་གྲོན་ཆུང་བྱས་ནས་རྒྱས་སྤྲོས་ཆུད་ཟོས་གཏན་འགོག་གི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱས་ཏེ། སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་པ་དང་འབྲེལ། ལས་མིར་རྒྱུན་དུ་ནས་ལས་ཀ་དང་འཚོ་བ་ལས་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་སྦྱོང་ལ་ཤུགས་སྣོན་དང་ཕན་ཚུལ་ལྟ་སྐུལ་བྱས་ཏེ་སྦྱངས་པ་གོ་ཆོད་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    གཅིག་སེམས་གཅིག་འབྲེལ་གྱིས་རོགས་སྐྱོར་བྱས་ནས་དངོས་སུ་དཀའ་ངལ་སེལ་ཐུབ་པ་བྱས་པ།

    སྨུག་པོ་གྲོང་ཚོ་ནི་མངའ་རིས་ཞིང་ལས་དངུལ་ཁང་གི་གྲོང་ཚོར་བཅའ་སྡོད་བྱ་ཡུལ་ཡིན། སྨུག་པོ་གྲོང་ཚོར་ས་བབ་མཐོ་ཚད་སྨི་5000ཡན་ཟིན་ཞིང་སྒེར་རྩེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་300ལྷག་ཙམ་ཡོད་པ་དང་ལོ་འཁོར་མོར་གྲང་ངར་ཆེ་བ་མ་ཟད། འཕྲིན་གཏོང་སྟབས་བདེ་མེད། བཅའ་སྡོད་གྲོང་ཚོར་དངུལ་རྩའི་གསོན་ཤུགས་འཕེལ་བ་བྱ་ཆེད། མངའ་རིས་ཞིང་ལས་དངུལ་ཁང་གིས་དངུལ་རྩའི་ཤེས་ལྡན་པ་གྲོང་སྡོད་དུ་བཏང་བ་དང་ས་གནས་ས་ཐོག་ཏུ་གྲོང་ཚོ་དང་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། མང་ཚོགས་དང་མཉམ་དུ་དབུལ་སྒྲོལ་གྱི་བྱ་ཐབས་འཚོལ་ཞིབ་ཀྱང་བྱས་ཡོད། 

    བཀྲ་དབང་ནི་མངའ་རིས་ཞིང་ལས་དངུལ་ཁང་གི་ལས་མི་ཞིག་ཡིན་པ་དང་། འདི་ལོ་བཀྲ་དབང་གིས་གནད་སྨིན་དབུལ་སྐྱོར་གྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་རང་འགུལ་ངང་སྨུག་པོ་གྲོང་ཚོར་ལས་དོན་རུ་ཁག་གི་རུ་དཔོན་བྱེད་པའི་རེ་བ་བཏོན། ཁོང་དང་རུ་མི་ཚོའི་ཐུན་མོང་འབད་བརྩོན་འོག་སྨུག་པོ་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་ཐུབ་པ་མ་ཟད། གྲོང་མི་ཚོར་ངལ་རྩོལ་རྩལ་ནུས་ཀྱང་སློབ་སྦྱོང་བྱེད་དུ་བཅུག་པས། མི་ཐེངས་9ངལ་ནུས་ཕྱིར་གཏོང་བདེ་བླག་ཐུབ་ཡོད། 

    2018ལོར་སྨུག་པོ་གྲོང་ཚོ་དབུལ་སྒྲོལ་ཐུབ་ཅིང་། དབུལ་པོ་བསྐྱར་ལོག་གི་གནས་ཚུལ་མ་ཐོན་པ་བྱ་ཆེད། མངའ་རིས་ཞིང་ལས་དངུལ་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་2015ལོར་དབྱེ་འབྱེད་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་23ལ་གཙོ་གནད་དོ་ཁུར་བྱས་པ་དང་། ངལ་ནུས་ཕྱིར་གཏོང་སོགས་ཀྱི་ཐབས་ལ་བརྟེན་ནས་དབུལ་སྒྲོལ་དུད་ཚང་གི་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཏེ་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱས་ཡོད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།