[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • “ཕན་བདེ་བ”

    ​ ཇོ་མོ་གླང་མའི་འདབས་ཀྱི་ལྗང་མདོག་སྲུང་མཁན།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-12

    ཇོ་མ་གླང་མའི་འདབས་སུ་མི་ཚོགས་འདི་འདྲ་ཞིག་ཡོད་པ་སྟེ་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ཚོར“ཕན་བདེ་བ”ཞེས་འབོད་ཀྱི་ཡོད།

    2009ལོར་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག་ཚེ་རིང་ནོར་བུས“ཕན་བདེ་བ”ཞེས་པའི་མཐུན་ཚོགས་ཤིག་བཙུགས་ཡོད། མཐུན་ཚོགས་དེ་འདྲ་ཞིག་བཙུགས་པའི་དམིགས་ཡུལ་ནི་དམངས་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། སྡེ་ཁུལ་གྱི་གྲོང་མིར་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུའི་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་རེད། མིག་སྔའི་བར་མཐུན་ཚོགས་དེས“ཕན་བདེ་བ”400ལྷག་གསོ་སྐྱོང་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། “གླང་རྒན་ཐེབས་རྩ་ཚོགས་པ”སོགས་རྒྱལ་ནང་གི་སྤྱི་ཕན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་མཐུན་ཚོགས་དེས་སྲོལ་རྒྱུན་གྱི་ལུག་ཚང་སྒྱུར་བཀོད་དང་། འདམ་རར་ཆུ་གསབ་པ། ཁོར་ཡུག་སྲུང་སྐྱོང་སློབ་གསོ། རྩལ་ནུས་གསོ་སྦྱོང་སོགས་རྣམ་གྲངས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་ཡོད།

    “ཕན་བདེ་བ”ཞེས་པའི་མཐུན་ཚོགས་འཛུགས་མཁན་ལོ་41ལ་སླེབས་པའི་ཚེ་རིང་ནོར་བུས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤར་མདོ་སྟོད་གྲོང་ཚོའི་གྲོང་མིའི་སྣེ་ཁྲིད་དེ་ཤ་རང་འདམ་རའི་ཉེ་འཁོར་དུ་གད་སྙིགས་སྒྲུག་པའི་གནས་ཚུལ་ཡིན་པ།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤར་མདོ་སྟོད་གྲོང་ཚོའི་གྲོང་མིས་མི་ཐབས་ལ་བརྟེན་ནས་ཤ་རང་འདམ་རར་ཆུ་གསབ་པའི་གནས་ཚུལ་ཡིན་པ།

    འདི་ནི་ལོ་41ལ་སླེབས་པའི“ཕན་བདེ་བ”ཞེས་པའི་མཐུན་ཚོགས་འཛུགས་མཁན་ཚེ་རིང་ནོར་བུ(གཡོན་གྱི་གཉིས་པ)ཡིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤར་མདོ་སྟོད་གྲོང་ཚོའི་གྲོང་མིའི་སྣེ་ཁྲིད་དེ་མི་ཐབས་ལ་བརྟེན་ནས་ཤ་རང་འདམ་རར་ཆུ་འདྲེན་པར་སྐྱོད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།