[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྣོད་བཅུད་བཟང་བའི་ཁྱིམ་གཞིས་མཉམ་དུ་བཏོད་།

    ——ལྷ་ས་གྲོང་ཁྱེར་གྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-10

    446818_yis_1509077213854.jpg

    ↑ལྷ་ས་གྲོང་ཁྱེར་གྱི་སྐྱེད་ཚལ་བཟོ་པས་གཞུང་ལམ་གཡས་གཡོན་དུ་ཐང་ཤིང་འཛུགས་བཞིན་པ།

    446822_yis_1509077219766.jpg

    ↑སྐྱེད་ཚལ་བཟོ་པས་རྫོང་རྒྱབ་ཀླུ་ཁང་དུ་སྤང་ལ་ཆུ་གཏོང་བཞིན་པ།

    446816_yis_1509077210905.jpg

    ↑སྐྱེད་ཚལ་བཟོ་པས་ལྗོན་ཤིང་ལ་ཡལ་གཅོད་རྒྱག་བཞིན་པ།

    446817_yis_1509077212387.jpg

    ↑ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་གྲོང་ཁུལ་གྱི་དགེ་སློབ་འཐུས་མི་སྒྲིག་འཛུགས་བྱས་ནས“ཉིན་གཅིག་ཁོར་ཡུག་གཙང་སྦྲའི་བཟོ་པ་བྱེད”ཅེས་པའི་མྱོང་རོལ་བྱེད་སྒོ་སྤེལ་བ།

    446821_yis_1509077218269.jpg

    ↑ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཚད་གཞི་མཐོ་བའི་རིག་ནུས་དྲོད་ཁང་གི་ལྕགས་སྒྲོམ་ཐོག་བཏབ་པའི་ཇིན་ཚལ།

    446814_yis_1509077208425.jpg

    ↑ལྷ་སའི་མི་འཚོ་སྡོད་ཁོར་ཡུག་སྔར་བས་སྐྱིད་སྣང་དོད་དུ་སོང་ནས་ཁམ་བུའི་མེ་ཏོག་བཞད་པའི་དུས་གྲོང་མི་ཞིག་གིས་མེ་ཏོག་ལ་ལྟ་བཞིན་པ།

    446820_yis_1509077216802.jpg

    ↑ལྷ་ཀླུ་འདམ་རའི་ཟུར་ཞིག

    446819_yis_1509077215242.jpg

    ↑ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དང་བླངས་པ་སྒྲིག་འཛུགས་བྱས་ནས་གྲོང་འདབས་སུ་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བཞིན་པ།

    ཏང་གི་ཚོགསས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལྷ་སའི་མི་རྣམས་ཀྱི་སེམས་ལ་གཏིང་ཟབ་འཇགས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་ལྗང་མདོག་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུ་དེ་ལྷ་སའི་མི་རྣམས་ཀྱི་ཐུན་མོང་གི་བསམ་འདུན་དུ་གྱུར་ཞིང་། ད་ཆ་སྣོད་བཅུད་མཛེས་སྡུག་ལྡན་པ་བྱ་རྒྱུ་དེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་སྣང་།

    བོད་དུ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་རྗེས་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་སྔ་སྣུར་དུ་ལག་ལེན་བསྟར་བ་དང་། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ནན་པོར་བསྲུངས་ནས་ངེས་པར་དུ་དཔལ་འབྱོར་དང་། སྤྱི་ཚོགས། རང་བྱུང་ཁམས་བཅས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ་ཁ་གསལ་བཟོས་ཏེ་རང་བྱུང་ཁོར་ཡུག་བློས་གཏོང་རྒྱུ་རིན་དོད་དུ་མི་བྱེད་པར་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཡོང་རྒྱུར་སྣང་ཆེན་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་ངང་འཕེལ་རྒྱས་ཡོང་ཐུབ་པ་བྱས་པ་རེད།

    “རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”དང་། “རྒྱལ་ཁབ་ཀྱི་སྣོད་བཅུད་སྐྱེད་ཚལ་གྲོང་ཁྱེར” “རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར” “ཀྲུང་གོའི་འཁོར་རྒྱུག་དཔལ་འབྱོར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་ཁྱེར་ཡག་ཤོས་བཅུ” “ཀྲུང་གོའི་ལྗང་མདོག་གྲོང་ཁྱེར་ཡག་ཤོས་བཅུ”ལ་སོགས་ལོ་དེ་དག་ནང་ལྷ་ས་གྲོང་ཁྱེར་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་དེ་དག་ལས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་ཀྱི་ཚན་རིག་རང་བཞིན་དང་། གལ་ཆེའི་རང་བཞིན། ཡུན་རིང་རང་བཞིན་བཅས་གང་ལེགས་མཚོན་ཡོད།

    “ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་ཀྱི་མཛུབ་ཁྲིད་འོག་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་འགྲོ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ལྷ་སར་གནམ་སྔོན་ཆུ་དྭངས་ཀྱི་མཛེས་རིས་རྣམ་པར་བཀྲ་བ་ཞིག་མངོན་ཡོད། ད་ཆ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་བྱེད་སྟངས་གྲོན་ཆུང་བསྲི་ཚགས་དང་། ལྗང་མདོག་ཐཱན་ཉུང་། ཡ་རབས་བདེ་ཐང་བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱས་པ་བརྒྱུད་ལྷ་སར་སྤྱི་ཚོགས་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་བ་བྱུང་ཡོད།

    2011ལོར་བོད་ཀྱི་དེང་རབས་ཅན་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་པོ་བསྐྲུན་པ་དང་། 2013ལོར་ས་གཙང་བདེ་ཐང་ཐོན་ལས་གསར་གཏོད་ལྡན་པའི་ངང་བཏོད་པ། 2014ལོར་བོད་ཀྱི་ཉེན་ཆེའི་ཟོག་རོ་གཙང་སེལ་ལྟེ་གནས་དང་པོ་བསྐྲུན་པ་བཅས་རེད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ202དང་། སྣོད་བཅུད་ཤང་དང་གྲོང་རྡལ་44 སྣོད་བཅུད་རྫོང་1བཅས་བསྐྲུན་པ་མ་ཟད། གསར་སྤེལ་གྱི་བྱ་སྤྱོད་ལ་གཅུན་སྡོམ་ནུས་ལྡན་ཐུབ་པ་དང་ལྗང་མདོག་འཕེལ་རྒྱས་དང་། ཁོར་ཡུག་འཕེལ་རྒྱས། ཐཱ་ཉུང་འཕེལ་རྒྱས་བཅས་ལ་སྐུལ་མ་གཏོང་བའི་སྣོད་བཅུད་ཤེས་དཔལ་གྱི་ཁྲིམས་ལུགས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།