[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྲུང་སྐྱོང་ཁུལ་ཆེན་པོ་གསུམ་དུ་མྱུལ་དཔྱད་པ་ཁྲིམས་འགལ་ངང་དེར་ཡོང་རྒྱུ་བཀག་འགོག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-05

    458514_yis_1512366854596.jpg

    ཚན་པ་དང་མི་སྒེར་གྱིས་རང་དགར་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་ཁྲིམས་འགལ་གྱི་བྱེད་སྤྱོད་མཐའ་དག་སྤེལ་མི་ཆོག་པ། 

    མཚོ་སྔོན་ཁུ་ཁུ་ཤི་རི་དང་། ཤིན་ཅང་ཨའར་ཅིན་རི་བོ། བོད་བྱང་ཐང་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཉེ་དུས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་བ།

    མཚོ་སྔོན་ཁུ་ཁུ་ཤི་རི་དང་། ཤིན་ཅང་ཨའར་ཅིན་རི་བོ། བོད་བྱང་ཐང་བཅས་སུ།

    ཁྲིམས་འགལ་ངང་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་མི་སྣ་ཤི་རྨས་སོགས་ཀྱི་དོན་རྐྱེན་ཐོན་ཚེ། འགན་འཁྲི་དེ་ཁྲིམས་འགལ་ངང་དེ་གར་བསྐྱོད་དེ་བྱེད་སྤྱོད་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ཁུར་དགོས།

    ཁྲིམས་འགལ་ངང་དེར་ཡོང་ནས་སྲུང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་མཁན་ཚན་པའམ་མི་སྒེར་སྲུང་སྐྱོང་ཁུལ་གྱིས་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ནས་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    སྲུང་སྐྱོང་ཁུལ་ཆེན་པོ་གསུམ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཚོགས་ཡིན་ལ་མཚོ་བོད་ས་མཐོའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གཞི་རྒྱུའི་མཛོད་ཀྱང་ཡིན། གཙོད་དང་། འབྲོང་། རྐྱང་སོགས་རྨིག་ལྡན་རིགས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་སྡོད་བྱེད་ཀྱི་ཡོད། རང་བྱུང་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་ཐད་ཚབ་བྱེད་ཐབས་བྲལ་བའི་ཚན་ཞིབ་དང་སྣོད་བཅུད་རིན་ཐང་ལྡན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།