[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ས་མཐོར་གནམ་སྔོ་ཆུ་དྭངས་ནེའུ་གསིང་སྟུག

    བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    ཁམ་དཀར་སྐམ་པོ་ནི་སྐམ་ཤས་ཆེ་བའི་ནམ་དུས་ཀྱི་རླུང་བུ་ལས་སྡོང་པོའི་རྩེར་རང་དགར་རླུང་སྐམ་ཐེབས་པ་ཞིག་རེད། ཤིང་ཏོག་དེ་རང་དགར་སྐམ་པ་ལས་རྨོ་ཞིང་ཐོག་ཟགས་ཀྱི་མེད་པས་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དབར་གྱི་འགལ་ཟླ་ནུས་ལྡན་བསལ་ཡོད། དེ་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་དུ་དཔལ་འབྱོར་ནགས་ཤིང་འཛུགས་པའི་སྡོང་པོ་ལེགས་ཤོས་ཤིག་ཡིན་ལ་བོད་ཤར་རྒྱུད་དུ་འཛུགས་རྒྱུར་ཧ་ཅང་འཚམ་པོ་ཡོད། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ནགས་ལས་ཅུས་ཀྱི་ལས་དོན་མི་སྣ་ཝང་ཁའེ་ཡས་དེ་ནི་བྲག་གཡབ་རྫོང་ཏོས་རྒན་ནགས་རིའི་དཔལ་འབྱོར་ནགས་ཤིང་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་སྐྱེ་དངོས་ཤིག་རེད་ཅེས་གསར་འགོད་པར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གཡབ་རྫོང་ཏོས་རྒན་ནགས་རིའི་དཔལ་འབྱོར་ནགས་ཤིང་ཐོན་ལས་རྣམ་གྲངས་དེ་ཉིད་2015ལོའི་ཟླ་3པར་སྐྲུན་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་2020ལོའི་ཟླ་5པར་ལས་མཇུག་འགྲིལ་རྒྱུ་དང་། 2017ལོ་ནི་ལས་གྲྭ་དེའི་འཛུགས་སྐྲུན་གྱི་འགག་རྩའི་དུས་མཚམས་ཤིག་ཡིན་པ་རེད། ཝང་ཁའེ་ཡས“རྣམ་གྲངས་དེ་ལག་ལེན་བསྟར་བ་ལས་ཟིས་དཀར་གྲོང་ཚོའི་ས་ཆུ་ཤོར་སྐྱོན་དང་བྱེ་འགྱུར་ཚབས་ཆེ་རུ་འགྲོ་བའི་ད་ལྟའི་གནས་ཚུལ་ལེགས་སུ་ནུས་ལྡན་འགྲོ་རྒྱུ་དང་རྫོང་གྲོང་དང་དེའི་ཉེ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ནས་བྲག་གཡབ་རྫོང་གི་ལྗང་མདོག་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་རེད། རྣམ་གྲངས་དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་62ཀྱི་མི་249ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། བསྐྲུན་ཟིན་རྗེས་བྲག་གཡབ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་རེད”ཅེས་བཤད་པ་རེད།

    2017ལོར་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱུང་ནས་རྩྭ་ཐང་དང་། མཚེའུ། རང་བྱུང་ནགས་ཚལ། ཆུའི་སྐྱེ་ཁམས། ས་གཤིས་ཀྱི་རྗེས་ཤུལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སོགས་སྲུང་སྐྱོང་ནུས་ལྡན་ཐུབ་པའི་ཁར་སྣོད་བཅུད་ཁ་གསབ་ལམ་སྲོལ་སོགས་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་པས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མའི”རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཐུབ་པ་མ་ཟད་མི་སེར་སྔར་ལས་མང་བར་སྔོ་ཞིང་དྭངས་པའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ལས་བྱུང་བའི་ཕན་པ་ཐོབ་ཡོད།

    མིག་སྔར། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་ལེན་མྱུར་པོ་བསྟར་བ་མ་ཟད་གཙང་པོ་གཉིས་དང་ཆུ་བོ་བཞི་རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་བྱེད་པའི་འདུ་འགོད་ཕྱོགས་ཡོངས་ནས་སྤེལ་བ་དང་སྦྲགས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ལམ་སྲོལ་ཡང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་། རྩྭ་ཐང་དང་། མཚེའུ། རང་བྱུང་ནགས་ཚལ། ཆུའི་སྐྱེ་ཁམས། ས་གཤིས་ཀྱི་རྗེས་ཤུལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ཀྱང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    “ཉིན་ལྟར་སྔ་དྲོའི་ཆུ་ཚོད་9པ་ནས་12པའི་བར་དང་ཕྱི་དྲོའི་ཆུ་ཚོད་2པ་ནས་7པའི་བར་གཙོ་བོ་རི་སྐོར་རྒྱག་པར་འགྲོ་དགོས་ཀྱི་ཡོད། གང་བྱུང་དུ་ཤིང་ནགས་གཅོད་པ་དང་རྔོན་རྒྱག་པའི་གནས་ཚུལ་མཐོང་ཚེ་འཕྲལ་མར་གྲོང་ཚོ‘ཨུ་ལྷན་གཉིས’ཚན་ཁག་ལ་སྙན་སེང་ཞུ་དགོས། ལས་ཀ་དེས་ང་ཚོའི་འཚོ་བ་ལེགས་སུ་ཕྱིན་པ་མ་ཟད་ཁོར་ཡུག་ལའང་སྲུང་སྐྱོང་སྔར་བས་ཐུབ་པས་རང་ཉིད་ཀྱི་རིན་ཐང་མངོན་པའི་ཚོར་སྣང་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སྡོད་ནགས་སྲུང་བ་བསོད་ནམས་ཚེ་སྐྱིད་ཀྱིས་བཤད་ཅིང་། ཁོང་ནི་2016ལོ་ནས་བཟུང་ལས་ཀ་དེར་ཞུགས་པ་ཞིག་རེད། ད་ཆ་ལོ་གཅིག་ཙམ་སོང་ཟིན་པ་དང་། ཁོང་གི་འཚོ་བ་ཕུན་སུམ་ཚོགས་ལ་གྲུབ་འབྲས་ཀྱང་མང་དག་ཅིག་ཐོབ་པས་ད་ལྟའི་འཚོ་བར་སྔར་ལས་དགའ་རུ་སོང་ཡོད།

    ད་ཕན་ལོ་ཤས་རིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཅངས་ཏེ་རང་བྱུང་སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་ལ་མཐོང་ཆེན་པོ་བྱས་པ་དང་། སྣོད་བཅུད་སྲུང་སྐྱོང་གི་འཛུགས་སྐྲུན་ལས་གྲྭ་དོན་འཁྱོལ་དང་། སྣོད་བཅུད་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ལས་གནས་དོན་འཁྱོལ་སོགས་ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་པ་བརྒྱུད། རང་བྱུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།