[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རང་སྐྱོང་ལྗོངས་ཀྱིས་ལྷ་སའི་ལྗང་མདོག་གྲོང་སྐོར་དང་ལྷོ་བྱང་རི་གཉིས་སུ་ནགས་བཟོ་སྔོ་འགྱུར་བྱ་རྒྱུའི་དོན་གནད་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-27

    ཚེས་24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ལྷ་སའི་ལྗང་མདོག་གྲོང་སྐོར་དང་ལྷོ་བྱང་རི་གཉིས་སུ་ནགས་བཟོ་སྔོ་འགྱུར་བྱ་རྒྱུའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྤུས་ཚད་དང་ནུས་ཕྱོད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། སྡོང་ཕྲུག་གསོན་ཚད་དང་ཉར་ཚགས་བྱེད་ཚད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དུས་མཇུག་གི་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡུལ་དུས་ལ་འཚམ་པའི་ཤིང་འདེབས་འཛུགས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྡོང་རིང་འཚམ་སར་སྡོང་རིང་དང་། སྡོང་ཐུང་འཚམ་སར་སྡོང་ཐུང་། རྩྭ་འདེབས་འཚམ་སར་རྩྭ་འདེབས་བཅས་བྱས་ནས་ཤིང་འཛུགས་ནགས་བཟོའི་སྤུས་ཚད་གོང་མཐོར་ཏན་ཏིག་གཏོང་དགོས་པ་དང་། ཤིང་འཛུགས་ནགས་བཟོའི་ནམ་དུས་རང་བཞིན་གྱི་བླང་བྱ་མཐོ་བའི་དོན་དངོས་ལ་དམིགས་ཏེ་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཤིང་སོན་ཉོ་སྒྲུབ་དང་། ཤིང་དོང་འདྲུ་བ། ཆུ་གཏོང་བ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་པ། ཤིང་འཛུགས་ནགས་བཟོ་དང་སྔོ་འགྱུར་བྱ་རྒྱུ་དེ་ཆུ་བེད་དང་རྒྱལ་ཁབ་ས་ཆ་སོགས་ཀྱི་འཆར་འགོད་དང་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་འདོམས་ངང་སྣོད་བཅུད་ལེགས་བཅོས་དང་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་དགོས་པ། རྣམ་གྲངས་ཀྱི་ཞིབ་དཔྱད་འགག་སྒོ་དང་། མ་དངུལ་གཏོང་སྤྲོད་ཀྱི་འགག་སྒོ། རྣམ་གྲངས་ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་བཅས་ནན་པོ་བསྲུངས་ནས་རྣམ་གྲངས་ཀྱི་བདེ་འཇགས་དང་མ་དངུལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།