[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཉི་མ་རྫོང་རོང་དམར་ཤང་གི་དུད་ཚང་262སྣོད་བཅུད་གནས་སྤོ་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ཟླ་6ཚེས་10ནས་ཚེས་18ཉིན་བར། ཉི་མ་རྫོང་རོང་དམར་ཤང་གི་དུད་ཚང་262ཀྱི་མི་1102སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་སྤོ་བརྩིས་ཡོད་ཅིང་། དོན་དངོས་ཐོག་དུད་ཚང་262ཀྱི་མི་571སྣོད་བཅུད་གནས་སྤོ་བྱས་པ་དང་གནས་སྤོའི་མང་ཚོགས་ཟླ་6ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པར་གནས་སྤོའི་ས་ཚིགས་སུ་ཚང་མ་བདེ་འཇགས་ངང་འབྱོར་ནས་གནས་སྡོད་བྱས་ཡོད་པ་རེད།

    ཉི་མ་རྫོང་རོང་དམར་ཤང་དེ་རང་ལྗོངས་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་གྱི་ཚོད་ལྟའི་ཚན་པ་ཞིག་ཡིན་པའི་ངོས་ནས་ལས་དོན་ཁག་ལ་དོན་དངོས་དང་ཞིབ་ཕྲ་ནས་དམ་འཛིན་བྱ་རྒྱུ་འགན་ལེན་བྱས་ཏེ། གནས་སྤོའི་མང་ཚོགས་ལ་གཡས་སྐྱོར་གཡོན་འདེགས་བྱེད་པ་དང་སྣོད་བཅུད་དབུལ་སྐྱོར་གནས་སྤོའི“དམག་འཐབ་ཐོག་མར”རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས“སྤོ་ཐུབ་པ་དང་། གཞིས་ཆཌ་ཐུབ་པ། ལས་ཀ་བྱེད་རྒྱུ་ཡོད་པ། ཕྱུག་པོ་ཆཌ་ཐུབ་པ”བཅས་ཀྱི་དམིགས་ཚད་བླང་བྱ་སྔ་ཙམ་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱས་ཡོད་པ་རེད།

    དྲིལ་བསྒྲགས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་སྲིད་ཇུས་མི་སེམས་སུ་གཏིང་ཟབ་ཟུག་རྒྱུའི་འགན་ལེན་བྱས་ཤིང་། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིད་ཇུས་ཀྱི་དྲིལ་བསྒྲགས་གསལ་འགྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རོང་དམར་ཤང་གི་གྲོང་ཚོ་ཨུ་ལྷན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་སྐོང་བསྡུ་བྱས་ཏེ། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིད་ཇུས་སྒྲོག་འགྲེལ་རུ་ཁག་བཙུགས་པ་དང་རང་བྱུང་གྲོང་ཚོ་ཁག་ཏུ་བསྐྱོད་དེ་གནས་སྤོའི་མང་ཚོགས་ལ་སྒྲོག་འགྲེལ་དང་གསལ་འགྲེལ་བྱས་པ་དང་ཆབས་ཅིག མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་གནས་སྤོའི་ས་ཚིགས་གསར་པར་བལྟས་པ་དང་། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིད་ཇུས་སྒྲོག་འགྲེལ་ཚོགས་པས་གནས་སྤོའི་མང་ཚོགས་ལ་བསམ་བློའི་སློབ་གསོའི་ཁྲིད་སྟོན་ལས་དོན་སྤེལ་ནས་སྒྲོག་འགྲེལ་ཐེངས་50ལྷག་ཙམ་བྱས་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་གཞི་2000ལྷག་ཙམ་སྤྲད་པས་ཕན་པ་ཐོབ་མཁན་མང་ཚོགས་མི་ཐེངས་1000ལྷག་ཙམ་ཟིན་ཡོད་པ་རེད།

    གནས་སྤོ་བྱས་རྗེས། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིད་ཇུས་ཀྱི་སྐུལ་སློང་དང་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གནས་སྤོའི་མང་ཚོགས་ལ་བསམ་བློའི་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། མང་ཚོགས་ལ“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་ཁྱད་བསད་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ལ་དཀའ་སྤྱད་ཕྱུག་འགྱུར་གྱི་ཡིད་ཆེས་བཙུགས་ཏེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་རེད།

    གནད་སྨིན་བརྟག་ཞིབ་དམ་འཛིན་བྱ་གཞིར་བྱས་ནས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་འགན་ལེན་བྱས་ཤིང་། གནས་སྤོའི་མང་ཚོགས་ཀྱི་ཕྱུགས་ཟོག་དང་། རྩ་ར། སྡོད་ཁང་། ལྷས་ར་སོགས་ཀྱི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་བསྡོམས་རྩིས་བྱས་ཡོད། རོང་དམར་ཤང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སྔ་རྗེས་སུ་ལས་བྱེད་མང་ཚོགས་ཐེངས་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་གྲོང་ཚོར་བསྐྱོད་དེ་སྐོར་སྐྱོད་བརྟག་ཞིབ་བྱས་ནས་གནས་སྤོར་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་བྱས་ནས་ཐག་གཅོད་བྱེད་ཐབས་ཞིབ་འཇུག་བྱས་པ་རེད།

    ལས་ཀའི་སྦྲེལ་མཐུད་དམ་འཛིན་བྱ་གཞིར་བྱས་ནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པའི་འགན་ལེན་བྱས་ཤིང་། གནས་སྤོ་བྱས་རྗེས་སྤོ་མཁན་དང་སྤོ་ས་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་འགན་ལེན་བྱ་ཆེད། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ་ཟླ་4ནས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོའི་གནས་སྤོའི་ས་ཚིགས་སུ་བསྐྱོད་ཅིང་། གོང་རིམ་དང་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་། གནས་སྤོའི་མང་ཚོགས་ཀྱི་སློབ་གྲྭ་དང་། སྨན་བཅོས། ལས་ཞུགས། ཐོན་ལས། རྒྱབ་ཕྱོགས་མཁོ་སྒྲུབ་སོཌ་ཐད་ཀྱི་གནད་དོན་སྦྲེལ་མཐུད་བྱས་པ་རེད།

    གནད་དོན་ཞིབ་ཕྲ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་གནས་སྤོ་བདེ་འཇགས་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱས་ཤིང་། གནས་སྤོའི་ལས་དོན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་བ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱ་ཆེད། སྔ་རྗེས་སུ《ཉི་མ་རྫོང་རོང་དམར་ཤང་གི་2018ལོའི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་ལག་བསྟར་ཇུས་གཞི》དང《ཉི་མ་རྫོང་རོང་དམར་ཤང་གི་2018ལོའི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་འགྲོ་ལམ་བདེ་འཇགས་འགན་ལེན་ཚོགས་ཆུང་གི་ཆེད་དོན་ཇུས་གཞི》སོགས་བཏོན་པ་རེད།

    མང་ཚོགས་གནས་སྡོད་བྱས་རྗེས། མང་ཚོགས་སྣེ་ཁྲིད་དང་། རྗེས་མཐུད་སྦྲེལ་མཐུད། མཐུན་སྦྱོར་ལས་དོན་བཅས་ཀྱི་ཚོགས་ཆུང་གང་མགྱོགས་བཙུགས་ནས་ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་སློབ་གསོ་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག དུད་ཚང་11ཚན་པ་གཅིག་བྱས་ནས“གཉིས་ལྡན་དུད་སྦྲེལ”བཙུགས་ཏེ་དུས་ཐུང་ནང་གནས་སྤོས་རྗེས་ཀྱི་འབྲོག་པ་རྣམས་གཅིག་ཏུ་བསྡུས་ནས“དུད་སྦྲེལ་དུས་བདེ་དང་། དུད་སྦྲེལ་འབབ་འཕར། དུད་སྦྲེལ་དབུལ་སྒྲོལ”བཅས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།

    རྗེས་མཐུད་དོ་དམ་དམ་འཛིན་བྱ་གཞིར་བྱས་ནས་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ཤིང་། “སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་བྱེད་རྒྱུ་ཡོད་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་བླང་བྱ་སྔ་ཙམ་མངོན་འགྱུར་ཡོང་བ་བྱ་ཆེད། ཉི་མ་རྫོང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་རྗེས་མཐུད་དོ་དམ་ལས་དོན་ཚོགས་འདུ་ཐེངས་མང་འཚོགས་པ་རེད།

    འབྲོག་པའི་བསམ་འཆར་ཐེངས་མང་བསྡུ་ལེན་བྱས་པ་བརྒྱུད། དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ཤིང་། ཤང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་90ཡི་མི་338ཀྱིས་ཕྱུགས་ཟོག་དང་། ངལ་ནུས། རྩྭ་ར་སོགས་མ་རྐང་ནང་ཞུགས་ཏེ་གཉེར་སྐྱོང་བྱེད་ཐབས་སྣ་མང་གི་ཐོག་ནས་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།