[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • “ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུཌ” པའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧོང་ཀྲེ་ཝུའུ།    |    སྤེལ་དུས།   2018-09-12

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ནར་ཀྲ་པ་ཡེ་ཕུའུ་སློབ་ཆེན་དུ་གཏམ་བཤད་སྤེལ་གནང་བ་དང་སྦྲགས་སློབ་མ་ཚོས་བཏོན་པའི་དྲི་བར་ལན་བསྐྱོན་པ་དང་། ཁོར་ཡུག་སྲུང་སྐྱོང་གི་གནད་དོན་སྐོར་གླེང་སྐབས་ཁོང་གིས“ང་ཚོར་སྔོ་ཞིང་དྭངས་བའི་རི་ཆུ་དགོས་ལ་གསེར་རི་དངུལ་རི་ཡང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་དགོས་པ་ལས་གསེར་རི་དངུལ་རི་མི་དགོས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་རེད”ཅེས་བསྟན་གནང་ཡོད། དེའི་ཐོག་ནས་རང་རེའི་ཏང་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་རྣམ་འགྱུར་་གསལ་པོ་དང་ཆོད་སེམས་བརྟན་པོ་མཚོན་ཡོད།

    རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱེད་པའི་འདུ་ཤེས་གཞིར་བཟུང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་ལག་ལེན་བསྟར་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པའི་ཕྱོགས་སུ་ཧུར་ཐག་སྐྱོད་དགོས།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་མ་རྩ་ཆེ་ཤོས་ཤིག་ལ་བརྩིས་ནས་ནགས་ལས་ལས་གྲྭའི་རྣམ་གྲངས་གཞི་རྟེན་དུ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཏོད་རྒྱུ་དམ་འཛིན་བྱེད་གཞིར་བྱས་པས་ནགས་བཟོ་སྔོ་འགྱུར་ལས་དོན་གྱི་གྲངས་འབོར་དང་སྤུས་ཚད་གཉིས་ཀ་མཐོ་རུ་སོང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”ཚན་རིག་དང་མཐུན་པའི་ཆོད་གཏམ་འདི་རྒྱུན་འཁྱོངས་བྱས་ནས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས”པའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོས་ཐོན་སྐྱེད་དང་འཚོ་བའི་ནང“སྣོད་བཅུད་ཤེས་དཔལ”གྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བས“ནགས་བཟོ་སྔོ་སྲུང་བྱ་རྒྱུ”དེ་མི་ཚང་མའི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཤིག་དང་། ཀུན་ཕན་གྱི་དམངས་འཚོའི་གཟི་བསོད་ཅིག་རེད”ཅེས་བསྟན་གནང་ཡོད། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཕུགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་ལ། བྱས་རྗེས་དེང་འདིར་འཇོག་པ་དང་། ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན་པས་གནད་དོན་འདིའི་ཐད་ང་ཚོར་གདམ་ག་བྱེད་དབང་གཞན་དག་མེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།