[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་ལྷོ་ཁར་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-15

    “གུང་གསེང་ཡིན་ཡང་སྐོར་གཡེང་དང་དོ་དམ་སྲུང་སྐྱོང་ལ་འཐུས་ཤོར་མ་གཏོང”“ལགས་སོ། པཱ་ལགས”ཞེས་པ་འདི་ནི་བོད་ལྗོངས་ལྷོ་ཁ་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་ཁྲོད་ཀྱི་གཏམ་གླེང་ཞིག་ཡིན་ཞིང་། གཏམ་གླེང་བྱེད་མཁན་ནགས་སྲུང་བ་རྒན་གཞོན་ཟླ་བ་རྒྱལ་མཚན་དང་ཟླ་བ་དངོས་གྲུབ་གཉིས་ནི་ཕ་བུ་རེད་ལ་ལས་རོགས་ཡག་ཤོས་ཀྱང་རེད།

    ཕ་ཟླ་བ་རྒྱལ་མཚན་ནི་ལོ་ཉི་ཤུའི་གོང་ནས་ནགས་སྲུང་བ་ཞིག་ཡིན་ཞིང་། ནགས་ཤིང་རྐང་རེ་རེ་བཞིན་འཚར་ལོངས་བྱུང་བའི་བདེན་དཔང་བ་ཞིག་དང་ས་གནས་དེ་གར་ཉམས་མྱོང་ཕུན་སུམ་ཚོགས་ཤོས་དང་ལས་ཀ་རྒྱུན་རིང་ཤོས་བྱེད་མྱོང་བའི་ནགས་སྲུང་བ་ཞིག་རེད། ཁོང་གིས“ནགས་ཤིང་འདི་ཚོར་བརྩེ་དུང་བཅངས་ཚེ་ནགས་ཚལ་སྲུང་སྐྱོང་བྱེད་པར་སེམས་ཤུགས་ཡོད་པས་གཞི་ནས་ཡར་ཀླུང་གཙང་པོ་དང་ནགས་ཤིང་འདི་དག་སྲུང་སྐྱོང་ཡག་པོ་བྱེད་ཐུབ”ཅེས་བཤད།

    བུ་ཟླ་བ་དངོས་གྲུབ་ཀྱིས་ལོ་བདུན་ཅུར་སླེབས་པའི་ཕ་ཟླ་བ་རྒྱལ་མཚན་སྔོན་ཆད་བཞིན་བདེ་ལྕག་འཁྱུག་པོ་མེད་པས་རི་ཀླུང་བརྒལ་ཏེ་ནགས་སྲུང་བྱེད་པའི་ལས་དོན་དེའང་ཉིན་རེ་བཞིན་དཀའ་ཚེགས་ཆེ་རུ་འགྲོ་བ་མཐོང་སྐབས་རང་འགུལ་ངང་ནགས་སྲུང་བའི་ལས་ཀ་དང་ལེན་བྱས་པ་རེད། ཕ་ཟླ་བ་རྒྱལ་མཚན་གྱི་སློབ་སྟོན་འོག“ད་ཆ་ལྕང་མ་འདེབས་པ་དང་། ཡལ་བཞུར་རྒྱག་པ། ལྕང་མར་གཡོག་བྱེད་པའི་ལས་ཀ་ཚང་མ་ཁོང་དུ་ཆུད་ཡོད་པ་མ་ཟད། ནགས་སྲུང་བ་གཞན་རྣམས་ལ་ལག་རྩལ་བསླབས་ཀྱི་ཡོད”ལ་ཟླ་བ་དངོས་གྲུབ་ཀྱང་ནགས་སྲུང་བ་བྱང་མ་ཞིག་ཏུ་གྱུར་ཡོད་པ་རེད།

    ད་ཆ་སྡོང་རྐང་ཁྲི་4500དང་མུའུ་ཁྲི་45ཡོད་པའི་འགོག་སྲུང་ནགས་ཚལ་དེ་གོང་དཀར་རྫོང་ནས་ཟངས་རི་རྫོང་བར་རིང་ཚད་སྤྱི་ལེ་160དང་ཞེང་ཚད་སྨི1800ལྷག་ཙམ་ཟིན་པའི་སྔོ་ལྗང་བར་ཁྱམས་ཤིག་ཆགས་ཡོད་ལ་ཟླ་བ་རྒྱལ་མཚན་དང་ཟླ་བ་དངོས་གྲུབ་ཕ་བུ་གཉིས་ཀྱི་སྲུང་སྐྱོང་ཁྱབ་ཁོངས་ཀྱང་ཐོག་མའི་མུའུ་ལྔ་དྲུག་ནས་ད་ཆའི་མུའུ་ཆིག་ཁྲི་ལྔ་སྟོང་བར་རྒྱ་ཆེར་སོང་ཡོད། ཁོང་གཉིས་པོས“རྒྱལ་སྟོན་གུང་གསེང་རིང་མེ་འགོག་དང་། ལྟ་སྲུང་། སྐོར་གཡེང་བཅས་ཀྱི་ལས་དོན་ལ་འཐུས་ཤོར་གཏོང་རྒྱུ་མེད། ནགས་ཚལ་ཉིན་རེ་བཞིན་སྟུག་ཏུ་འགྲོ་གི་ཡོད་པས་དེ་ནི་ང་ཚོས་མ་ཡུམ་མེས་རྒྱལ་ལ་ཕུལ་བའི་འཁྲུངས་སྐར་གྱི་ལག་རྟགས་ཡག་ཤོས་ཤིག་རེད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།