[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་རིགས་ཁྱོ་ཤུག་གིས་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསྐྱབས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-18

    586995_yis_1547699784862_b.jpg

    འདི་ནི་2018ལོའི་ཟླ་11ཚེས་29ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་དུར་ལམ་རྫོང་གི་ས་བབ་མཐོ་ཚད་སྨི་4200ཟིན་པའི་རྒུ་རུ་ཤང་དུ་མགོན་པོའི་ཆུང་མ་བདེ་འཚོ་སྐྱིད་ཀྱིས་བསྐྱབས་པའི་གཙོད་ཕྲུག་གཉིས་ལ་བྱིལ་བྱིལ་བྱེད་བཞིན་པ།

    586996_yis_1547699785657_b.jpg

    འདི་ནི་2018ལོའི་ཟླ་12ཚེས་1ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་དུར་ལམ་རྫོང་གི་ས་བབ་མཐོ་ཚད་སྨི་4200ཟིན་པའི་རྒུ་རུ་ཤང་གི་མགོན་པོའི་ཁྱིམ་ཡིན་པ་དང་གཙོད་ཕྲུག་གིས་སྒྲོག་རྩེའི་་སྟེང་གི་ཟ་མ་ཟ་བཞིན་པ།

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཡི་ས་བབ་མཐོ་ཚད་སྨི་བཞི་སྟོང་ལྷག་ཙམ་གྱི་སར་གནས་པའི་དུར་ལམ་རྫོང་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཀྱི་རོགས་སྐྱོབ་ས་ཚིགས་ཤིག་ཡོད་པ་སྟེ། རྒུ་རུ་ཤང་སྦྲེ་ལུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཀྱི་རོགས་སྐྱོབ་ས་ཚིགས་རེད། མགོན་པོ་དང་ཆུང་མ་བདེ་འཚོ་སྐྱིད་གཉིས་ཀྱིས་2010ལོ་ནས་བཟུང་། བུ་མོ་རིན་ཆེན་ལྷ་མོ་ཁྲིད་དེ་དུར་ལམ་རྫོང་གྲོང་ནས་གངས་ལྗོངས་ས་མཐོའི་མི་མེད་ཁུལ་དུ་སྟབས་བདེའི་པང་ལེབ་ཁང་པར་བསྡད་ནས་ནང་མི་ཚང་མ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་ཀར་ཞུགས་པ་རེད།

    ས་བབ་མཐོ་ཚད་སྨི་4000ལྷག་ཟིན་པའི་གནས་དེར་འགྲིམ་འགྲུལ་སྟབས་བདེ་མེད་ལ་སྔོ་ཚལ་དེ་བས་མེད་པ་དང་ཐ་ན་དགུན་ཁར་གངས་བཞུར་ནས་ཆུའི་ཚབ་བྱེད་དགོས་ཀྱི་ཡོད།

    བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱ་ཆེད། མགོན་པོའི་ཁྱིམ་གྱི་ལུག་100ལྷག་དང་ནོར་40ཡི་ཁྲོད་ནས་མང་ཆེ་བ་བཙོངས་པ་མ་ཟད། སྔ་རྗེས་སུ་ཐབས་ལམ་གཞན་དག་སྤྱད་དེ་ཁྱོན་སྒོར་ཁྲི་70ལྷག་ཙམ་བཏང་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཤྭ་བ་སེར་ཆེན་དང་། ཤྭ་བ་མཆུ་དཀར། གནའ་བ། གཙོད་སོགས་སྲོག་ཆགས་18བསྐྱབས་པ་རེད།

    མགོན་པོའི་ཁྱིམ་གྱིས་བསྐྱབས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་རང་གི་ཕྲུ་གུ་ལྟར་ལྟ་རྟོག་བྱེད་ཀྱི་ཡོད་ལ། དུས་རྒྱུན་དུ་འབྲིའི་འོ་མ་སྟེར་བ་དང་། དགུན་ཁ་རྩྭ་ཐང་གངས་ཀྱིས་ཀླུབ་སྐབས། འབྲི་གཡག་ལྷག་མ་རྣམས་རི་གཤམ་གྱི་སྤུན་མཆེད་སར་བསྐྱལ་ནས་གསོ་རུ་བཅུག་སྟེ། ཕྱི་ནས་འོ་མ་སྤུས་ལེགས་ཉོས་ནས་སྲན་ཐུག་ཚ་པོ་བཟོས་རྗེས་བསྐྱབས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྟེར་གྱི་ཡོད། གྲོད་ཁོག་བཤལ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གསོ་ཆེད། ཁོང་ཚོས་ཆེད་མངགས་འོ་སྐྱུར་འབུ་ཕྲ་གཟན་རྩར་བླུགས་ནས་སྟེར་གྱི་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་དེ་དག་དྲག་སྐྱེད་དང་ཕྱི་རོལ་དུ་འཚོ་གནས་ཐུབ་རྗེས་མགོན་པོས་གཞི་ནས་དེ་ཚོ་རང་བྱུང་ཁམས་སུ་གློད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།