[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་སྒེར་རྩེ་རྫོང་རྒོད་མོ་ཤང་ནས་གཙོད་ཁྱུ་གནས་སྤོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    625506_yis_1558671018027_s.jpg

    ཟླ་5ཚེས་20ཉིན་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཤང་སྲིད་གཞུང་གི་ཉེ་འཁོར་ནས་གཙོད་སུམ་སྟོང་ཙམ་གྱིས་ཁྱུ་བསྒྲིགས་ནས་གནས་སྤོས་ཤིང་། གནས་ཚུལ་འདི་ནི་ཉེ་བའི་ལོ་ཤས་རིང་ཤིན་ཏུ་མཐོང་དཀོན་པ་ཞིག་རེད། རྫོང་དེའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག བདག་ཏུ་མ་བཟུང་བའི་སྲོག་ཆགས་རྒྱུན་ཆད་མེད་པར་མང་དུ་སོང་ལ་འཚོ་སྡོད་བྱེད་རྒྱའང་ཇེ་ཆེར་སོང་ཡོད།

    སྒེར་རྩེ་རྫོང་གིས་ད་དུང་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དེབ་ཆུང་སྤྲོད་པ། མི་ཁྲི་ཡིས་མིང་རྟགས་འགོད་པ། ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད། རྫོང་གི་དྲིལ་བསྒྲགས་དང་སྣེ་ཁྲིད་འོག་མི་དམངས་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་མི་ཚང་མ་དེར་ཞུགས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡག་པོ་ཞིག་ཆགས་ཡོད།

    ཟླ་5ཚེས་20ཉིན་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཤང་སྲིད་གཞུང་གི་ཉེ་འཁོར་དུ་གཙོད་སུམ་སྟོང་ཙམ་ཐོན་ཞིང་། ས་གནས་དེ་གའི་མང་ཚོགས་ཀྱིས་བཤད་པར་གཞིགས་ན། གཙོད་ཁྱུ་ཚོགས་དེ་ཡུལ་དེ་གར་འཚོ་གནས་བྱས་ནས་ལོ་1ཙམ་སོང་བ་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།