[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་ས་གཞིར་སྔོ་ལྗང་གོས་ཀྱིས་བཀླུབས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-09

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་11པའི་ཚོགས་འདུ་ཐེངས་གསུམ་པ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། བོད་ལྗོངས་ཀྱི་ས་ཁོངས་45%ཆེས་ནན་ཤོས་ཀྱི་སྲུང་སྐྱོང་ཁྱབ་ཁོངས་སུ་བཅུག་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཡན་ཟིན་པ་དང་ས་ངོས་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཡོད་པ་རེད།

    འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་པས། སྣོད་བཅུད་ཁྱབ་ཁོངས་སུ་མ་དངུལ་འཇོག་ཚད་20%ཡན་འཕར་བ་དང་། ནགས་བཟོ་མུའུ་ཁྲི་130.7མང་དུ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་མདོག་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་428.2ཟིན་ཡོད། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་གཏོང་སྤྲོད་སྤོ་སྒྱུར་སོགས་བྱ་དགའ་དང་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་97.7ཟིན་པ་དང་རིམ་རྩིས་ལྟར་ན། མིང་བཏགས་པའི་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་17དང་། སྣོད་བཅུད་ཤང་དང་གྲོང་རྡལ་213 སྣོད་བཅུད་གྲོང་ཚོ་2373བཅས་ཡོད་ཅིང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར། བོད་ལྗོངས་ཀྱི་ཁོར་ཡུག་ལྟ་འདོམས་དང་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྟོག་ཞིབ་བྱ་ཡུལ་ལྗོངས་ཐད་གཏོགས་སྡེ་ཚན་དང་ས་ཁུལ(གྲོང་ཁྱེར)བར་སྣུར་སྲིང་བྱས་པ་དང་རང་བྱུང་ཐོན་ཁུངས་ཀྱི་མ་རྩའི་ཐོན་དབང་དང་སྤྱད་ཡུལ་དོ་དམ་ཚོད་འཛིན་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས“སྨྱུག་གཅིག་མ”ཐུབ་ཡོད། ལོ་དེར་གཏེར་འཚོལ་དང་གཏེར་འདོན་རྣམ་གྲངས་གང་རུང་ལའང་ཆོག་མཆན་སྤྲད་མེད་པ་རེད།

    2020ལོར། བོད་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ནུས་རྒྱུ་ཟད་གྲོན་དང་ཐཱན་ཕྱིར་འབུད་བྱེད་ཚད་དང་སྦགས་བཙོག་ཉུང་གཏོང་གི་དམིགས་ཚད་རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི་ཁྱབ་ཁོངས་སུ་ཚོད་འཛིན་ཐུབ་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་98%ཡན་རྒྱུན་འཁྱོངས་ཐུབ་པར་བྱས་ཏེ། སྦགས་བཙོག་བཅོས་སྒྲིག་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། གད་སྙིགས་རིགས་དབྱེའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་10%གཅོག་པ་བཅས་བྱེད་དགོས་པ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།