[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>འགྲིམ་འགྲུལ།
  • ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་གི་གནམ་ཐང་འབབ་ཚུགས་གསར་པ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-16

    སྤྱི་ཟླ ༣ པའི་ཚེས ༦ ཉིན་གྱི་སྔ་དྲོ།  ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་གི་གནམ་ཐང་འབབ་ཚུགས་གསར་པ་སྤྱོད་འགོ་ཚུགས་པ་དང་།  དེ་ནི་རང་ལྗོངས་ཀྱིས་བེད་སྤྱོད་བྱེད་པའི་གནམ་ཐང་འབབ་ཚུགས་དྲུག་པ་དེ་རེད་ལ་དེང་སྐབས་རང་ལྗོངས་ཀྱི་གཞི་ཁྱོན་ཨང་གཉིས་པ་ཡིན་པའི་གནམ་ཐང་འབབ་ཚུགས་ཤིག་ཀྱང་རེད།

    དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཝེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།  གནམ་ཐང་འབབ་ཚུགས་གསར་པ་དེ་བེད་སྤྱོད་བྱས་རྗེས་ཉིང་ཁྲི་གནམ་གྲུ་འབབ་ཐང་གིས་ད་ལོའི་ནང་ཚུན་དུ་ཤི་ཨན་དབར་གྱི་འགྲོ་འོང་མཁའ་ལམ་གཏོད་རྒྱུ་དང་།  པེ་ཅིང་དབར་གྱི་ཐད་འཕུར་མཁའ་ལམ་སླར་གསོ་བྱེད་རྒྱུ་མ་ཟད་ད་ཡོད་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ལན་གྲངས་མང་དུ་གཏོང་རྩིས་ཡོད།  སླད་ཕྱིན་ལོ་ཤས་ནང་གཙོ་གནད་ཐོག་ཧྲང་ཧའེ་དང་ཧང་ཀྲོའུ།  ཤ་མན་སོགས་གྲོང་ཁྱེར་དབར་གྱི་ཐད་འཕུར་མཁའ་ལམ་གཏོད་དེ་ཉིང་ཁྲི་དེ་ཉིད་བོད་ཀྱི་མཁའ་ཐོག་བགྲོད་ལམ་ཨང་གཉིས་པར་གཏོད་རྩིས་ཡོད།  དེང་སྐབས་སྨན་གླིང་གནམ་གྲུ་ཐང་གིས་ལྷ་ས་དང་ཀོང་ཀྲོའུ།  ཁུན་མིང་།  ཁྲེན་ཏུའུ།  ཁྲུང་ཆིང་།  ཧྲེན་ཀྲེན་བཅས་དབར་གྱི་འགྲོ་འོང་མཁའ་ལམ་གཏོད་ཟིན་པ་རེད། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།