[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ཞག་སྡོད།
  • “འབྲོག་པའི་སྤྲོ་སྐྱིད་ཁང”ལ་བརྟེན་ནས་ས་མཐོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-21


    མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་འབྲི་སྟོད་རྫོང་གི་བོད་རིགས་འབྲོག་པ་ཉི་མའི་ཁྱིམ་གྱི་འབྲོག་རའི་རྒྱ་ཁྱོན་ལ་མུའུ་20ལྷག་ཙམ་ཡོད་པས་ནོར་ལུག་མགོ་གྲངས་300ལྷག་ཙམ་གསོས་ཡོད་པ་དང་། ས་ཆ་དེ་གའི་ཡུལ་སྐོར་སྡེ་ཚན་གྱི་རོགས་རམ་འོག་ཉི་མའི་ཁྱིམ་གྱིས“འབྲོག་པའི་སྤྲོ་སྐྱིད་ཁང”གཉེར་བ་དང་། དེ་གའི་བྲོ་བ་ཞིམ་པའི་བོད་ཟས་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

    སྟོན་ཁ་ཤར་བ་ནས་བཟུང་། ཡུལ་ཤུལ་ཀྲོའུ་རུ་ཡུལ་སྐོར་དུ་ཡོང་མཁན་རྒྱུན་མི་ཆད་པ་དང་། ཁོང་ཚོས་ས་མཐོའི་མཛེས་ལྗོངས་ལ་བལྟས་རྗེས་བོད་རིགས་འབྲོག་པས་གཉེར་བའི“འབྲོག་པའི་སྤྲོ་སྐྱིད་ཁང”དུ་པར་རྒྱག་པ་དང་། རྟ་བཞོན་པ། བོད་ཟས་ཀྱི་བྲོ་བ་མྱོང་བ་སོགས་བྱས་ནས་ས་མཐོའི་རྩྭ་ཐང་གི་སྟོན་དུས་ཀྱི་མཛེས་ལྗོངས་ལོངས་སུ་སྤྱོད་ཀྱི་ཡོད་ཅིང་། གོང་གི་པར་ནི། བོད་རིགས་འབྲོག་པ་ཉི་མའི་ཁྱིམ་གྱིས་གཉེར་བའི“འབྲོག་པའི་སྤྲོ་སྐྱིད་ཁང”ཡིན་པ། འོག་གི་པར་ནི། བོད་རིགས་འབྲོག་པ་ཉི་མའི་ཁྱིམ་གྱིས་གཉེར་བའི“འབྲོག་པའི་སྤྲོ་སྐྱིད་ཁང”གིས་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།