[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ཁྲུང་ཆིང་པེ་པེ་ཆུས་ཀྱི་ཞིང་ལས་སྤྱི་གླིང་དུ་མེ་ཏོག་དབྱིང་ཧྭ་རབ་ཏུ་བཞད་ནས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-19

    603632_yis_1552882361015_s.jpg

    ལྔ་གཅིག་གྲོང་ཚོ་ནི་ཁྲུང་ཆིང་གྲོང་ཁྱེར་པེ་པེ་ཆུས་ཀྱི་གྲོང་གསེབ་དར་རྒྱས་ཚོད་ལྟ་དཔེ་སྟོན་ས་ཚིགས་བརྒྱད་ཀྱི་གྲས་ཤིག་རེད། མིག་སྔར་དབྱིང་ཧྭ་དང་ཚ་ལུ་མའི་ཕ་ཡུལ་གྱི་ལྟེ་བའི་སྤྱི་གླིང་དང་། རྒུན་འབྲུམ་ཤིང་སྡོང་གི་ཞིང་ལས་ལྟ་སྐོར་གླིང་། ལྷ་མོའི་མཚེའུ་ཡི་ལྟ་སྐོར་ཁུལ། སྣོད་བཅུད་འདམ་རའི་ཆུ་ཐོག་སྤྱི་གླིང་། སེམས་སྐྱིད་ཞིང་ར་བཅས་གཞི་གཅིག་དུ་སྡུད་པའི་སྤྲོ་གསེང་སྣོད་བཅུད་ཞིང་ལས་སྤྱི་གླིང་བསྐྲུན་ཡོད། “བྲེལ་དུས་ཤིང་འབྲས་འཚོང་བ་དང་དལ་དུས་མཛེས་ལྗོངས་ལྟ་སྐོར་སྤྲོ་གསེང་ལས་དོན་སྤེལ་བས”གྲོང་གསེབ་ཀྱི་ཡུལ་སྐོར་འཁྲུག་ཏུ་ཕྱིན་པ་མ་ཟད་ས་གནས་དེ་གའི་གྲོང་མིའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་པེ་པེ་ཆུས་ཀྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་120དང་སྤྲོ་གསེང་སྣོད་བཅུད་ཞིང་ལས་སྤྱི་གླིང་40བསྐྲུན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།