[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ཀྱིས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦཌ་བཙོག་འགོག་བཅོས་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-15

    ཚེས་12ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་སྦགས་བཙོག་འགོག་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས》 《བོད་རང་སྐྱོང་ལྗོངས་ཀྱི་ས་རྒྱུ་སྦགས་བཙོག་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཕྲ་བྱེད་པའི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་པ་དང་། ལྗོངས་ཡོངས་ཀྱི་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞིའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་ཡོད་ཁོངས་ཞུགས་ཚན་པས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་བྱ་སྤྱོད་འཆར་གཞི་ཆེ་གྲས་གསུམ་དོན་འཁྱོལ་བྱེད་པའི་ཐད་གཏམ་བཤད་སྤེལ་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག“བྱ་སྤྱོད་ཀྱི་འཆར་གཞི་ཆེ་གྲས་གསུམ”གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རང་འགན་གཙང་སྒྲུབ་དང་། དོན་ཐོག་ཏུ་འཁྱོལ་བ། ཕྱོགས་ཁག་མཉམ་འགུལ་བཅས་བྱས་ནས། བཀོད་སྒྲིག་ནང་དོན་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལྗོངས་ཡོངས་སུ་མིག་མངས་འགྲིག་སྐོར་གཅིག་ལྟར་བྱ་སྤྱོད་ཀྱི་འཆར་གཞི་ཆེ་གྲས་གསུམ་གྱི་ལམ་ཐིག་དཔེ་རིས་དེ་སྔོ་ལྗང་ཡུན་གནས་དང་། ཆུ་བོ་རྒྱུན་འབབ། མཁའ་རླུང་གཙང་བ་བཅས་ཀྱི་མཛེས་ལྗོངས་ཤིག་ཏུ་དངོས་སུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།