[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱི་ཆུ་བེད་སྡེ་ཚན་གྱིས“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-26

    ཉེ་ཆར། རང་སྐྱོང་ལྗོངས་ཆུ་བེད་སྡེ་ཚན་གྱིས“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། “ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ‘ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ’”ཞེས་པ་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་བྱས་ནས་སྤྱི་ཚོགས་ཡོངས་སུ་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་སྔར་བས་གཏོད་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་། ཆུ་བེད་ཐིང་གི་ལས་དོན་མི་སྣས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ནས་དྲིལ་བསྒྲགས་བྱ་ཡུལ་དུ“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་ཆེད་སྒྲིག་དུས་དེབ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་། ས་ཆུ་སྲུང་འཛིན་སྐོར་གྱི་བཅའ་ཁྲིམས། འབྲུབ་འགོག་ཐན་འགོག་གི་འཕྲལ་སྡོམ་ཤེས་བྱ། ཆུ་བདེ་འཇགས་ལྡན་པའི་སྒོ་ནས་སྤྱོད་རྒྱུ་བཅས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་བརྒྱུད། གྲོང་མི་ཚོར་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ་དང་། མང་ཚོགས་ཚོར་ཆུ་དང་འབྲེལ་བ་ཡོད་པའི་དོགས་གནད་ལ་ངང་རྒྱུད་རིང་པོའི་སྒོ་ནས་འགྲེལ་བཤད་རྒྱབ་པས། མང་ཚོགས་ཚོས་ཆུ་བེད་སྲིད་ཇུས་དང་ཁྲིམས་སྲོལ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཞི་མཐུན་འཕེལ་རྒྱས་ཀྱི་འདུ་ཤེས་ལ་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད་པ་རེད།

    རང་ལྗོངས་སུ་དམངས་ཡོངས་ཀྱིས་ཆུ་གྲོན་ཆུང་དང་། ཆུར་གཅེས་སྤྲས། ཆུར་དགའ་ཞེན། ཆུ་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་ཡག་པོ་ཞིག་གཏོད་ཆེད། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ལྗོངས་འཕྲིན་གཏོང་དོ་དམ་ཅུས་དང་མཐུན་སྦྱོར་གྱིས་སྒུལ་བདེ་དང་། ལན་ཐུང་། གློག་འཕྲིན་བཅས་ཀྱི་ལག་ཐོགས་ཁ་པར་བརྒྱུད་འཕྲིན་ཐུང་བསྐུར་ནས་དྲིལ་བསྒྲགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་དང་རང་སྐྱོང་ལྗོངས་ཆུ་སྲུང་སྐྱོང་ཅུས་ཀྱི་ལས་དོན་མི་སྣ་ཆུ་ཤུར་རྫོང་རྟ་དཀར་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་ཆུའི་ཁྲིམས་སྲོལ་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་ནས་སློབ་མ་ཚོ་དང་མཉམ་དུ་རྣམ་པ་གསར་རྐྱང་གི་ཆུའི་ཁྲིམས་སྲོལ་སློབ་ཚན་འཚོགས་པ་རེད། ད་རེས་ཀྱི་བྱེད་སྒོར་རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་འབོད་ཚིག་20ལྷག་ཙམ་བསྟན་པ་དང་། དྲིལ་བསྒྲགས་ལག་དེབ་2000ལྷག་ཙམ་སྤྲད་པ་དེའི་ནང་དྲིལ་བསྒྲགས་ལས་དོན་མི་སྣ་བརྒྱ་ཙམ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཆུ་བེད་སྡེ་ཚན་གྱིས“ཆུ་གྲོན་ཆུང་བྱ་རྒྱུ་སྔོན་དུ་འཇོག་པ་དང་། བར་མཐོངས་དོ་སྙོམས་ཡོང་བར་བྱེད་པ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཆུ་བེད་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། ཆུ་རྒྱུན་གྱི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་འདེགས་སྐྱོར་དང་སྲུང་སྐྱོང་གི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ལྷག་པར་དུ་ན་ནིང་ནས་བཟུང་། “ཆུ་དཔོན་ལམ་ལུགས”རང་ལྗོངས་སུ་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་བཏང་བ་དང《‘ཆུ་དཔོན་ལམ་ལུགས’ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ཇུས་གཞི》དང་བོད་རང་སྐྱོང་ལྗོངས་ཀྱིས“ཆུ་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་ལས་གྲུབ་པའི་ཇུས་གཞི་བཀོད་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད་བོད་ཀྱི་ཆུ་བོ་དང་མཚེའུ་གཙོ་བོ་ཚང་མར“ཆུ་དཔོན་ཡོད་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།