[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་འཐབ་ཕྱོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-06

    “སྔོ་ལྗང་འཕེལ་རྒྱས་ཀྱི་བྱེད་ཐབས་དང་འཚོ་བ་སྐྱེལ་སྟངས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས་ངེས་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་ལས་དོན་སྤྱི་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས”ཟླ་5ཚེས་26ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཅིག་པ་གཙོ་སྐྱོང་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་འཐབ་ཕྱོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་བྱེད་སྐབས་ལྗོངས་ཡོངས་ཀྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་བཞག་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་ནན་ཏན་དང་ཏན་ཏན་ཏིག་ཏིག་གིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་ཉིད་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་སུ་བརྩིས་པ་དང་འབྲེལ་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེའི་གནས་བབ་ཐོག་བཞག་ནས་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་དང་། ད་ཕན་ལོ་ཤས་རིང་ལམ་ལུགས་གསར་པ་རབ་དང་རིམ་པ་བཏོན་ནས་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤྱད་པར་བརྟེན་བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད།

    ཚང་མས་ལྗོངས་ཡོངས་ཀྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་གྲོན་ཆུང་དང་། ལེགས་བསྡུས་ཞིབ་གཉེར། འཁོར་རྒྱུག་བཅས་ཀྱི་ཐོག་ནས་ཐོན་ཁུངས་སྤྱོད་པའི་ལྟ་བ་འཛུགས་པ་དང་། ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཁྲིད་སྟོན་དུ་བྱེད་པ། རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་དང་གཏེར་ཐོན་དང་ཆུའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་ཧུར་ཐག་གཏོང་བ། ལས་རིགས་འཇུག་འཐུས་ཆ་རྐྱེན་དང་ཁོར་ཡུག་འཇུག་འཁྲོལ་ཚད་གཞི་ལག་བསྟར་ནན་པོ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་འཕར་གནས་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་འདེགས་གནས། རང་ལྗོངས་ཀྱི་གཟུགས་བརྙན་བཟང་པོ་མངོན་པའི་འཕེལ་ཤུགས་ཀྱི་གནས་བཅས་སུ་འགྱུར་བ་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ནི་བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོབ་པའི་བྱ་གཞག་ཞིག་རེད། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་རེད”ཅེས་གསུངས་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དཀྲིས་པའི་ལོ་རྒྱུས་ཀྱི་འགན་ལྕི་རེད་ལ། ལྗོངས་ཡོངས་ཀྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་བླ་ན་མེད་པའི་འགན་འཁྲི་ཡང་རེད། ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་ལས་ཀའི་འགན་འཁྲི་ནན་པོ་བསྒྲུབས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྤུས་ཚད་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ་འགན་ལེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣོད་བཅུད་ཀྱི་ཐོན་ཟོག་སྤུས་ལེགས་མཁོ་འདོན་དང་ལྗང་མདོག་ཁྱིམ་གཞིས་བསྐྲུན་རྒྱུར་མཛེས་སྡུག་ལྡན་པའི་ཁོར་ཡུག་གི་རྨང་གཞི་བརྟན་པོ་བཏིང་སྟེ་ཁོར་ཡུག་སྲུང་སྐྱོང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།