[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ​རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བསུ་བའི་ལས་དོན་གྱི་མཐུན་སྦྱོར་དོན་འཁྱོལ་ཚོགས་འདུ་འཚོགས་པ།

    ​ ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-08

    ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བསུ་བའི་ལས་དོན་གྱི་མཐུན་སྦྱོར་དོན་འཁྱོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་འགན་ནུས་ལས་དོན་ཚོགས་ཆུང་གི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་ལས་ཀའི་ལས་འགན་སླར་ཡང་གསེད་བཀྲོལ་དང་སླར་ཡང་ཞིབ་བཤེར་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ད་རེས་ཀྱི་ཞིབ་བཤེར་བསུ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་ཚོགས་འདུ་ཐེངས་མང་འཚོགས་ཏེ་ཆེད་མངགས་བཀོད་སྒྲིག་བྱས་ཡོད།གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལ་བསུ་བ་ཞུ་རྒྱུའི་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་ཁྲིད་བླང་བྱ་དོན་འཁྱོལ་བྱེད་པ། འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཀྲིས་པའི་ཞིབ་བཤེར་ལས་དོན་ལ་བསུ་བ་ཞུ་བའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཀྲོང་ཡན་གྱིས་འགན་ནུས་ལས་དོན་ཚོགས་ཆུང་ཁག་གིས་ངེས་པར་དུ་ཀྲུང་དབྱང་གི་ཁོར་ཡུག་ལྟ་ཞིབ་ལས་དོན་གྱི་བླང་བྱར་གཞིགས་པ་དང་དམིགས་ཚད་ཀྱི་གོ་རིམ་ལ་དམ་པོར་དམིགས་ཏེ། འགག་རྩའི་ལྷུ་ཚིགས་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། རྣམ་འགྱུར་ཡག་པོ་དང་གྲ་སྒྲིག་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ཚོགས་ཆུང་གིས་བོད་དུ་ལྟ་ཞིབ་བྱེད་རིང་གི་མཐུན་སྦྱོར་གཞོགས་འདེགས་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་གཏིང་ཟབ་བྱེད་པ་དང་། ལས་དོན་སྤེལ་ཤུགས་དང་ཚགས་དམ་ཚད་ཆེ་རུ་གཏོང་བ། རིགས་ཁག་གི་སྨྱན་སྦྱོར་ལ་གང་ལེགས་བརྟེན་པ། ལྗང་མདོག་ཤེས་དཔལ་དང་སྣོད་བཅུད་འཕེལ་རྒྱས་ཀྱི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཟིལ་ཤུགས་ཆེན་པོ་ཞིག་གཏོད་དགོས་པ། གནད་དོན་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བར་དག་ཐེར་དང་ཐག་གཅོད་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་འཚོལ་ཞིབ་བྱེད་དགོས་ལ་ཏང་ནན་པོས་སྐྱོང་བའི་ཐད་ཀྱི་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡང་འཚོལ་ཞིབ་བྱས་ནས་ལས་དོན་ཁག་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། དུས་འགོའི་གྲ་སྒྲིག་ལས་དོན་ཞིབ་ཚགས་སུ་བཏང་སྟེ་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་། ཆེད་དོན་ཇུས་གཞི་བཟོ་བ། ལྷུ་ཚིགས་ཁག་ཕན་ཚུན་ཟུང་འབྲེལ་བྱེད་པ། སྦྲེལ་མཐུད་དམ་ཟབ་བྱེད་པ་བཅས་ཏན་ཏིག་བྱས་ནས་ཕན་འབྲས་ཆེ་རུ་འགྲོ་རྒྱུར་བདེ་བླག་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བོད་དུ་བཅའ་སྡོད་བྱེད་ཉེར་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གྲ་སྒྲིག་ལས་དོན་སྔར་བས་ཞིབ་ཚགས་སུ་བཏང་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བོད་དུ་ལྟ་ཞིབ་བྱེད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་ཚང་བཤེར་ཆད་གསབ་དང་དག་ཐེར་དོན་འཁྱོལ་བྱས་ཏེ་ཞིབ་བཤེར་བསུ་བའི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་སྤེལ་དགོས་པ་དང་། གཉིས་ནས་ལས་དོན་ཚད་ལྡན་དུ་བཏང་ནས་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ། གསུམ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཕྱར་བ་གྲུ་འདེགས་བྱས་ཏེ་ལས་ཀའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། བཞི་ནས་ལྷག་བསམ་རྣམ་དག་ངང་ཞབས་འདེགས་ཞུས་ནས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་དགོས་པ་བཅས་སོ། ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག འགན་ནུས་ལས་དོན་ཚོགས་ཆུང་ཁག་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བསུ་བའི་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་བོད་དུ་ལྟ་ཞིབ་བྱེད་རིང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།