[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་སྲུང་སྐྱོང་གི་གློག་སྒུལ་འགྲུལ་སྐྱེལ་རླངས་འཁོར་དང་པོ་ཇོ་མོ་གླང་མའི་སྒར་ས་ཆེ་མོར་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

     ཉེ་ཆར། གློག་སྒུལ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་མཛེས་ལྗོངས་ཁུལ་དུ་ཚོད་ལྟའི་ངང་གཏོང་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་སྒུལ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ལ་རྐུབ་སྟེགས་34ཡོད་པ་དང་། གློག་ཤུགས་ཁོ་ནའི་སྒུལ་ཤུགས་སྤྱད་པས་ནུས་ཁུངས་ཀྱི་ཟད་གྲོན་ཆུང་བ་དང་། ཕྱིར་འབུད་མེད་པ། འཛེར་སྒྲ་མེད་པ། སྦགས་བཙོག་མེད་པ་བཅས་རེད། ས་མཐོའི་ཁོར་ཡུག་ལ་དམིགས་ཏེ་རླངས་འཁོར་ནང་ད་དུང་གསོ་རླུང་བཟོ་ཆས་ཀྱང་བསྒར་ཡོད། རླངས་འཁོར་དེས་ཆུ་ཚོད་རེརེ་མགྱོགས་ཤོས་སྤྱི་ལེ་90སྐྱོད་ཐུབ་པ་དང་གློག་གང་བསགས་ཚེ་སྤྱི་ལེ་180འགྲོ་ཐུབ་པའི་ཇུས་འགོད་བྱས་ཡོད། གོམ་སྟབས་རྗེས་མར་ཚོད་ལྟའི་གཉེར་སྐྱོང་ཕན་འབྲས་ལ་གཞིགས་ཏེ་རླངས་འཁོར་དེ་རིགས་མང་དུ་བཏང་ནས་རིམ་བཞིན་འབར་སྣུམ་རླངས་འཁོར་གྱི་ཚབ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།