[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷུན་གྲུབ་རྫོང་གིས།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-07

    ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་སྣོད་བཅུད་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཐོག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་དང་ཁོར་ཡུག་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མཛེས་སྡུག་ལྡན་པའི་ལྷུན་གྲུབ་བསྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། མིག་སྔར་ལྷུན་གྲུབ་རྫོང་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། གྲོང་གསེབ་ཀྱི་ཁོར་ཡུག་གཙང་ཞིང་མཛེས་པ་དང་། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་པ་བཅས་བྱུང་ནས་དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་ཞིག་མངོན་པ་རེད།

    ལྷུན་གྲུབ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་བརྩིས་ཐོག་ཆེ་རྩིས་དང་ཕུགས་རྩིས་བརྒྱབ་ནས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ལ་བརྩི་སྲུང་ནན་པོ་ཞུས་པ་དང་། ལྷུན་གྲུབ་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་དམིགས་བཀར་སྲུང་སྐྱོང་ཁུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། གཙོ་ཆེའི་རྣམ་གྲངས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་སྔར་བས་ཡག་པོ་བྱས་ཤིང་། སྣོད་བཅུད་སླར་གསོ་བཅོས་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་ཆེད། ལྷུན་གྲུབ་རྫོང་གིས་གཏེར་རིའི་ཁོར་ཡུག“སུས་གསར་སྤེལ་བྱས་ན་དེས་སྲུང་སྐྱོང་བྱེད་པ་དང་། སུ་ལ་ཕན་པ་ཐོབ་ན་དེས་ཁ་གསབ་སྤྲོད་པ། སུས་སྦགས་བཙོག་བཟོས་ན་དེས་བཅོས་སྒྲིག་བྱེད་པ། སུས་གཏོར་སྐྱོན་བཏང་ན་དེས་སླར་གསོ་བྱེད་པའི”གཏན་འབེབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གཏེར་ཁ་ཅི་དགར་སྔོག་འདོན་དང་ནགས་ཚལ་ཅི་དགར་གཅོད་པའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་་བའི་བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱས་ཤིང་། འདི་ལོའི་ཟླ་དྲུག་པའི་བར་ཏུ། རིམ་རྩིས་བརྒྱབ་ན་ཁེ་ལས་ཁག་གིས་སྣོད་བཅུད་སླར་གསོ་འགན་ལེན་དངུལ་སྒོར་ཁྲི་50སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།