[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་བྲག་རྫོང་གིས།

    ཁོར་ཡུག་སྐོར་གྱི་གནད་དོན་ཁག་བརྒྱད་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-24

     ཉིན་ཤས་བསྟུད་མར་ལྷོ་བྲག་རྫོང་གིས“ཁོར་ཡུག་སྐོར་གྱི་གནད་དོན་ཁག་བརྒྱད”ཆེད་དོན་བཅོས་སྒྲིག་གི་བྱེད་སྒོ་སྤེལ་ནས་གཙང་ལ་གྲལ་སྟར་འགྲིག་པ་དང་ཤེས་དཔལ་ཞི་མཐུན་གྱི་ཁོར་ཡུག་བཏོད་ནས་མཛེས་སྡུག་ལྡན་པའི་ལྷོ་བྲག་འཛུགས་སྐྲུན་བྱས་ཏེ་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་གྲོང་ཚོའི(གྲོང་ལྷན)སྐབས་བརྗེའི་མཛུབ་ཁྲིད་ཚོགས་ཆུང་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་སྒྲོག་འགྲེལ་པ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོ་དང་། དུད་ཚང་། ཞིང་ནང་བཅས་སུ་བསྐྱོད་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་བྱེད་སྒོའི་དོན་སྙིང་སྒྲོག་འགྲེལ་བྱས་པ་དང་། སྐད་འཕྲིན་དང་འཕྲིན་ཐུང་སོགས་དྲ་རྒྱའི་ལས་སྟེགས་བརྒྱུད་སྤྱི་ཚོགས་ཡོངས་ལ“ཁོངས་གཏོགས་ཁུལ་དུ་མྱུར་ཚད་ལས་བརྒལ་བ་དང་། ཤོང་ཚད་ལས་བརྒལ་བ། ཆང་བཏུངས་འཁོར་གཏོང་། ལག་ཁྱེར་མེད་པར་འཁོར་གཏོང་སོགས་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི”དོན་སྙིང་དྲིལ་བསྒྲགས་བྱས་ཁར། རྒྱ་ཆེའི་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་བཏང་བ་དང་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།