[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱི་དྭགས་པོ་གློག་ཁང་གི་གློག་གཏོང་ལས་གྲྭའི།

    ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཐེངས་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-05

    《ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ལ་སྤྱི་དམངས་ཞུགས་པའི་གནས་སྐབས་བྱ་ཐབས》ལག་ལེན་ནན་ཏན་བསྟར་ནས་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཆ་འཕྲིན་བྱེད་སྒོར་སྤྱི་དམངས་ཞུགས་རྒྱུར་སྐུལ་སློང་དང་ཚད་ལྡན་དུ་གཏོང་ཆེད། བོད་ཀྱི་དྭགས་པོ་གློག་ཁང་གི་གློག་གཏོང་ལས་གྲྭའི་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཆ་འཕྲིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

    (གཅིག) རྣམ་གྲངས་འཛུགས་སྐུན་གྱི་མིང་དང་ནང་དོན་གནད་བསྡུས།

    རྣམ་གྲངས་ཀྱི་མིང་། བོད་ཀྱི་དྭགས་པོ་གློག་ཁང་གི་གློག་གཏོང་ལས་གྲྭ

    རྣམ་གྲངས་ཀྱི་ནང་དོན་གནད་བསྡུས། རྒྱས་སྐྲུན་བྱ་རྒྱུའི་500kVཡི་འོལ་དགའ་གློག་སྒྱུར་ས་ཚིགས་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་དུ་གནས་པ་དང་། གསར་དུ་བསྐྲུན་པའི་དྭགས་པོ་ཆུ་ཤུགས་གློག་ཁང་དང་500kVཡི་འོལ་དགའ་གློག་སྒྱུར་ས་ཚིགས་སུ་རིང་ཚད་2×30kmཟིན་པའི་500kVཡི་སྐུད་ལམ་གཉིས་ལྷོ་ཁ་གྲོང་ཁྱེར་གྱི་ཟངས་རི་རྫོང་དང་རྒྱ་ཚ་རྫོང་གཉིས་བརྒྱུད་ནས་འཁྲིད་རྒྱུ།

    (གཉིས) འཛུགས་སྐྲུན་རྣམ་གྲངས་ཀྱི་འཛུགས་སྐྲུན་ཚན་པའི་མིང་དང་འབྲེལ་གཏུག་བྱ་ཐབས།

    རྣམ་གྲངས་ཀྱི་འཛུགས་སྐྲུན་ཚན་པའི་མིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འབྲེལ་གཏུག་མི་སྣ། དཔལ་འཛིན་པ་སངས། འབྲེལ་གཏུག་ཁ་པར་ཨང་གྲངས། 15726721699

    (གསུམ) གདེང་འཇོག་ལས་ཀའི་འགན་འཁུར་མཁན་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་སྒྲིག་གཞིའི་མིང་དང་འབྲེལ་གཏུག་བྱ་ཐབས།

    གདེང་འཇོག་ལས་ཀའི་འགན་འཁུར་མཁན་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་སྒྲིག་གཞིའི་མིང་། ཀྲུང་གོ་གློག་ཤུགས་ལས་གྲྭ་བློ་འདྲི་ཚོགས་པའི་ནུབ་བྱང་གློག་ཤུགས་འཆར་འགོད་ཁང་ཚད་ཡོད་ཀུང་སི།

    རྣམ་གྲངས་ཀྱི་འགན་འཁུར་བའི་འབྲེལ་གཏུག་བྱ་ཐབས། མཱ་ཞུའེ་ལི། ཁ་པར་ཨང་གྲངས། 029-89583766

    གློག་རྡུལ་སྦྲག་སྐུར། maxueli@nwepdi.com

    གནས་ཡུལ། ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཀའོ་ཤིན་ཆུས་མཐུན་སྒྲིལ་ལྷོ་ལམ་སྒོ་རྟགས་22པ། སྦྲག་ཨང་710075

    (བཞི) ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ལས་དོན་གྱི་གོ་རིམ་དང་ལས་ཀའི་ནང་དོན་གཙོ་བོ།

    ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་བླང་བྱར་ནན་པོ་གཞིགས་ནས་གདེང་འཇོག་བྱ་རྒྱུ་ཡིན་པ་དང་། ནང་དོན་གཙོ་བོ་གཤམ་གསལ།

    1. འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཚུལ་མདོར་བསྡུས།

    2. འཛུགས་སྐྲུན་རྣམ་གྲངས་ཉེ་འཁོར་ཁོར་ཡུག་གི་གནས་སྟངས།

    3. འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་སྲིད་པར་དབྱེ་ཞིབ་དང་། སྔོན་དཔག ཚོད་སྐོར་བཅས་བྱ་རྒྱུ།

    4. ས་ཆུ་མི་ཤོར་བའི་ཇུས་གཞི།

    5. འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་དང་དེའི་ལག་རྩལ་དང་དཔལ་འབྱོར་ལ་རིགས་པས་ཁུངས་སྐྱེལ་བྱ་རྒྱུ།

    6. འཛུགས་སྐྲུན་རྣམ་གྲངས་ལ་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་བྱེད་པའི་གྲོས་འགོ་ལག་ལེན་བསྟར་རྒྱུ།

    7. ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་གི་བསྡོམས་ཚིག་འགོད་རྒྱུ།

    (ལྔ) སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་གྱི་དོན་གནད་གཙོ་བོ།

    1. སྲིད་གཞུང་གི་དོ་དམ་སྡེ་ཚན་གཙོ་བོའི་བསམ་འཆར།

    2. ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱི་བསམ་འཆར།

    3. ཤུགས་རྐྱེན་ཐེབས་སྲིད་པའི་སྐོར་གྱི་སྤྱི་དམངས་ཀྱི་བསམ་འཆར།

    (དྲུག) སྤྱི་དམངས་ཀྱི་བསམ་འཆར་འདོན་ལམ་གཙོ་བོ།

    སྤྱི་དམངས་ཀྱིས་བརྟག་དཔྱད་རེའུ་མིག་འབྲི་བའམ་ཡང་ན། ཡི་གེ་གཏོང་བ། ཁ་པར་རྒྱག་པ། e-mailགློག་རྡུལ་བསྐུར་མ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རྣམ་གྲངས་འཛུགས་སྐྲུན་འདིར་འཛིན་པའི་བསམ་འཆར་དང་གྲོས་འགོ་འདོན་ཆོག

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས།

    2017ལོའི་ཟླ་12ཚེས་1ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།